ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཞིང་སྡེ་ཡིད་རྟོན་རྟགས་མའི་མཚོ་སྐོར་ལྕགས་རྟ་འགྲན་རྒྱུགས་ཀྱི་དུས་རིམ་བཞི་བའི་ས་ཚིགས་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་མཚོ་སྔོན་པོའི་བར་དུ་རེད་ལ། ལམ་ཐག་ཧྲིལ་བོར་སྟོང་རྨི་བརྒྱ་དང་ང་དགུ་ཡོད།
འགྲན་རྒྱུགས་མཇུག་མཐའི་དུས་རིམ་ལ་སླེབས་པ་ན། མཇུག་མཐར171རྟགས་ཅན་གྱི་ཐུར་ཁེ་རུ་ཁག་གི་ཨེ་ཧྭ་མེད་ཀྱིས་དུས་ཚོད་བཞི་དང་སྐར་མ་བཅུ་བཞི། སྐར་ཆ་ཞེ་གཉིས་ཀྱི་གྲུབ་འབྲས་ཀྱི་གཟེངས་རྟགས་འཐོབ་ནས། མཆོངས་རྒྱུགས་རྒྱལ་བོའི་མཚོན་རྟགས་སུ་ལྭ་བ་སྔོན་པོ་བསྐོན་པ་རེད། 163རྟགས་ཅན་གྱི་ཁུ་ལོ་ཏིས་ཡའི་མོ་ལིས་ཏིས་ཡ་ན་རུ་ཁག་གི་ཏ་ཝེ་ཏི་ལ་ཨང་གཉིས་པའི་བྱ་དགའ་འཐོབ་ཏེ། མི་སྒེར་གྱི་གཟེངས་རྟགས་མཚོན་པའི་ལྭ་བ་སེར་པོ་བསྐོན། 46རྟགས་ཅན་གྱི་ཧི་ལན་གྱི་མན་ཆིས་རུ་ཁག་གི་ཨན་ཏུང་ནིས་ཡོ.སང་ཐོ་ལ་ཨང་གསུམ་པ་འཐོབ་པ་རེད།