མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ཏེ་གནད་ཕིགས་དབུལ་སྐྱོར་བྱ་བར་རོགས་སྐྱོར་བྱས།
2017.07.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

དོན་དངོས་དང་མཐུན་པའི་སྒོ་ནས་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་སོགས་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པ་དང་ཤུགས་ཆེན་པོས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་ཆེད། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཞིང་ཆེན་དང་ཁུལ་ལས་ཞུགས་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས་རྫོང་ཡོངས་སུ་ཞང་གྲོང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཅུ་གཉིས་བཀོད་སྒྲིག་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་གིས་ལས་ཞུགས་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བཀོད་སྒྲིག་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་དེའི་ཞབས་ཞུའི་དུས་ཡུན་ལོ་གསུམ་ཡིན་པ་དང་། ལོ་དང་པོ་ཚོད་ལྟའི་ལོ་ཡིན་ལ་དེའི་སྐབས་སུ་ཟླ་རེར་སྒོར་དགུ་བརྒྱའི་ལས་གནས་ཁ་གསབ་ཡོད་པ་དང་ཚོད་ལྟའི་དུས་ཚོད་ལོངས་རྗེས་ཟླ་རེར་སྒོར་སྟོང་གཅིག་དང་སུམ་བརྒྱའི་ལས་གནས་ཁ་གསབ་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་མི་བསྡུ་བའི་བྱ་བ་ད་ལྟ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་པར་མ་ཟད་གན་རྒྱ་བཞག་སྟེ་དངོས་སུ་ལས་གནས་སུ་ཞུགས་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་པ་དེས་དོན་དངོས་དང་མཐུན་པའི་སྒོ་ནས་དབུལ་ཕོངས་ཁྱིམ་ཚང་གི་འཚོ་བའི་དཀའ་གནད་ཐག་གཅོད་དང་ཁྱིམ་ཚང་གི་ཡོང་འབབ་ཇེ་མཐོར་བཏང་སྟེ་མི་གཅིག་ལས་ཞུགས་བྱས་ན་ཁྱིམ་ཚང་གཅིག་ལ་སྐུལ་ཁྲིད་བྱས་ཏེ་ཧུར་ཐག་གིས་དབུལ་ཐར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།