མཚོ་སྔོན་གྱིས་མཁར་གྲོང་ལས་བཟོ་བའི་སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་དང་མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་སྲུང་གི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་མ་ལག་དེས་ཞིང་ཆེན་གཞན་པ་ནས་ཐད་ཀར་རྩིས་རྒྱག་པའི་སྒ
2017.07.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་གྱི་མཁར་གྲོང་ལས་བཟོ་བའི་སྨན་བཅོས་འགན་སྲུང་ཆ་འཕྲིན་མ་ལག་དང་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་མ་ལག་དེས་ཞིང་ཆེན་གཞན་པ་ནས་ཐད་ཀར་རྩིས་རྒྱག་པའི་སྒྱུར་བཅོས་བྱ་བ་ལེགས་འགྲུབ་བྱུང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་མ་ལག་ལ་བརྟག་དཔྱད་བྱས་པ་བརྒྱུད་ནས། ཞིང་ཆེན་དངུལ་རྩ་འགན་སྲུང་ལས་གཞི་དོ་དམ་གཞུང་ལས་ཁང་དང་ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ས་གནས་གཞན་དུ་སྨན་རིན་རྩིས་རྒྱག་པའི་མ་ལག་ནང་འཇུག་གི་རེ་ཞུ་བྱས་ཤིང་། གོང་རིམ་ནས་མཆོག་མཆན་ཐོབ་ནས་དངོས་སུ་རྒྱལ་ཁབ་ཀྱི་ས་གནས་གཞན་དུ་སྨན་པར་སྟོན་པའི་སྟེགས་བུའི་ནང་ཞུགས་པ་ལེགས་འགྲུབ་བྱུང་།

ལོ་སྟོད་ནས་བཟུང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་མཐོང་ཆེན་འོག་ཏུ་མཚོ་སྔོན་གྱིས་ས་གནས་གཞན་དུ་ཐད་ཀར་སྨན་རིན་རྩིས་རྒྱག་པའི་བྱ་བ་ལ་རྩ་འཛུགས་དང་། གཅིག་གྱུར་འཆར་འགོད། བརྟན་འཇགས་སྒོས་དངོས་འབེབ་བྱེད་པ་བཅས་བྱས་ནས། ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་དངུལ་རྩའི་ལས་གཞི་དོ་དམ་གཞུང་སྒྲུབ་ཁང་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་རེ་ཞུ་བྱས་ཤིང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར། རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་འོག་ཏུ། ས་གནས་གཞན་དུ་སྨན་རིན་རྩིས་རྒྱག་པའི་དྲ་འབྲེལ་བྱ་བ་ལེགས་པོར་སྒྲུབ་ཅིང་། གྲོང་ཁྱེར་དང་ཁུལ་སོ་སོའི་ལས་བཟོ་བའི་སྨན་བཅོས་འགན་སྲུང་དེ་རྒྱལ་ཁབ་ཀྱི་ས་གནས་གཞན་དུ་སྨན་རིན་རྩིས་རྒྱག་པའི་མ་ལག་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་མཚོ་སྔོན་ལས་བརྒལ་བའི་ས་གནས་གཞན་དུ་སྨན་རིན་རྩིས་རྒྱག་པའི་ཚད་ལྡན་ཡིག་ཆ་སྒྲིག་བཅོས་བྱས། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དངོས་སུ་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ལས་བཟོ་བའི་སྨན་བཅོས་འགན་སྲུང་མ་ལག་དང་མཁར་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་མ་ལག་གཉིས་རྒྱལ་ཁབ་ཀྱི་ས་གནས་གཞན་དུ་སྨན་རིན་རྩིས་རྒྱག་པའི་ཐོ་འགོད་རེའུ་མིག་ནང་བཤེར་ཏེ། ཐོ་འགོད་དྲ་སྦྲེལ་བྱེད་པ་ལ་ཚོད་ལྟ་བྱས།

མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་བརྒྱད་ཀྱི་ལས་བཟོ་བའི་སྨན་བཅོས་འགན་སྲུང་དང་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་སྨན་བཅོས་འགན་སྲུང་དེ་ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་ཆ་འཕྲིན་མ་ལག་ནང་ཚུད་པར་བྱས་ཏེ། རྒྱལ་ཡོངས་ཀྱི་ས་གནས་གཞན་དུ་སྨན་རིན་རྩིས་རྒྱག་པའི་མ་ལག་ནང་དུ་ཐོ་འགོད་བྱས། ཞིང་ཆེན་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བསྟན་དོན། ཞིང་ཆེན་དངུལ་རྩ་འགན་སྲུང་དོ་དམ་གཞུང་སྒྲུབ་ཁང་གིས་མི་འགྱངས་པར་ཞིང་ཆེན་ཡོངས་ཀྱི་ས་གནས་གཞན་དུ་སྨན་པར་སྟོན་པའི་མི་ལ་ཡིག་ཚགས་ལས་ཤིང་། སྤྱི་ཚོགས་འགན་སྲུང་བྱང་བུའི་ཆ་འཕྲིན་ལ་ཞིབ་བཤེར་བྱས་ནས། དུས་ལྟར་བྱང་བུ་སྟེར་པའི་སྒྲིག་སྲོལ་ལ་མཉམ་འབྲེལ་བྱས་པ་དང་། ས་གནས་གཞན་དུ་ལས་ཁྱུར་ངལ་གསོ་བྱས་ཡོད་པའི་མི་དང་དུས་ཡུན་རིང་པོར་ས་གནས་གཞན་དུ་བསྡད་ཡོད་པའི་མི་རྣམས་ཀྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་ནས། ཞིང་ཆེན་ཕྱི་རུ་སྨན་རིན་རྩིས་རྒྱག་པའི་བྱ་བ་མངོན་འགྱུར་བྱས་པ་རེད།