མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་བདུན་པའི་གནས་ཚུལ།
2017.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཞིང་སྡེ་ཡིད་རྟོན་རྟགས་མའི་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་བདུན་པ་མདོ་ལ་ནས་མིན་ཡོན་བར་གྱི་འགྲན་སྡུར་སྤེལ། མཚོ་སྔོན་ཐེན་ཡུག་ཏི་རུ་ཁག་གི་འགྲན་ཞུགས་པ་ཆོ་ནཱ་སུན་མིན་སའེ་ཧྥུའུ་ཡིས་རྒྱུག་རོགས་རྣམས་ཀྱི་གཞོགས་འདེགས་དང་རང་ཉིད་ཀྱི་བརྩོན་པར་ལ་བརྟེན་ནས། མདོ་ལ་རི་བོ་གྱེན་འཛེགས་འགྲན་རིམ་གྱི་གྲུབ་འབྲས་བཟང་བོ་བླངས། ཁོས་འཛུམ་མདངས་གྱི་ལེར་ལོག་ཀར་མེ་ཏོག་གི་རྒྱ་མཚོ་བརྒལ་བཞིན་བཀྲ་ཤིས་པའི་རྟགས་དང་མཚན་མ་ཡུལ་དངོས་མང་ཚོགས་ལ་བསྐྱལ། ཚེས་ཉེར་གཉིས་ཉིན་ཝུའུ་ཁི་ལན་ཁི་ཨར་སི་རུ་ཁག་གི་འགྲན་ཞུགས་པ་མུའུ་ཧ་ཡུས་ལའོ་ཁུ་ནའོ་ཉན་ཁི་ཡིས་རྒྱུག་ཡུན་དུས་ཚོད་བཞི་དང་སྐར་མ་དྲུག་སྐར་ཆ་ཞེ་བརྒྱད་ནང་དམིགས་སར་འབྱོར་ནས་ཐེངས་འདིའི་འགྲམ་རིམ་གྱི་བྱ་དགའ་ཨང་དང་པོ་བླངས།

འགྲན་རིམ་བདུན་པ་ནི་མདོ་ལ་རྫོང་མཁར་ནས་ལམ་ཁར་བུད་དེ་ཨ་རིག་དང་མཁར་དམར་གྲོང་རྡལ་བརྒལ་ནས་མཐར་མིན་ཡོན་རྫོང་ཐོག་ཏུ་འབྱོར། རྒྱུག་ཐག་སྤྱིའི་རིང་ཚད་ལ་སྟོང་སྨི་བརྒྱ་དང་རེ་དགུ་ཡོད་ཅིང་། སྟོང་སྨི་ཉེར་གཉིས་དང་གྲངས་ཆུང་དགུ་གཉིས་དང་སྟོང་སྨི་བདུན་ཅུ་དང་གྲངས་ཆུང་དགུ་བདུན་གཉིས་ཀྱི་སར་འགྲམ་རིམ་ལམ་བར་གྱི་མཐའ་མའི་གདོང་མཆོང་བྱེད་གནས་གཉིས་བཙུགས་ཡོད་པར་མ་ཟད། སྟོང་སྨི་གོ་བཞིའི་སར་རིམ་པ་དང་པོའི་གྱེན་འཛེགས་བྱེད་གནས་བཀོད་སྒྲིག་བྱས།