མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཉིས་སྟོང་བཅུ་ལོའི་ཟླ་བརྒྱད་པར་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་བའི་ཚུན་ལ། ཕྱོགས་གཉིས་ཀྱི་མཐུན་སྒྲིལ་རོགས་ལས་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཧུར་ཐག་གིས་ཕྱོགས་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་ཁ་གཏད་རོགས་སྐྱོར་བྱ་བའི་སྟེགས་བུ་བཙུགས་པ་དང་རྒྱུན་ཆད་མེད་པར་བགྲོད་ལམ་གསར་བ་འཚོལ་ཞིབ་དང་བྱེད་ཐབས་གསར་བ་ཇེ་དྲག་ཏུ་བཏང་ལ། རྣམ་པ་གསར་བ་གསར་གཏོད་བྱས།
ལོ་དྲུག་གི་རིང་ལ། མཚོ་ལྷོ་ཁུལ་གྱིས་བསྡོམས་པས་ཅང་སུའུ་ཞིང་ཆེན་གྱི་འཛུགས་སྐྲུན་རོགས་སྐྱོར་དངུལ་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་བྱེ་བ་དྲུག་བརྩོན་ལེན་བྱས་ཏེ་མཁར་གྲོང་ཅན་འཛུགས་སྐྲུན་དང་ཞིང་ཕྱུགས་ལས་རིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྤྱི་ཚོགས་ལས་དོན་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ་སོགས་ལས་གཞི་བརྒྱ་དང་སོ་བདུན་ལག་བསྟར་བྱས། དེའི་ནང་མཚོ་ལྷོ་ཁུལ་གྱི་མི་རིགས་ལུས་རྩལ་ར་བ་སོགས་ལས་གཞི་ཞེ་བརྒྱད་ཀྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པར་མ་ཟད་བཀོལ་སྤྱོད་བྱེད་བཞིན་ཡོད། རྒྱལ་ཁབ་པུའུ་ཨུ་དང་ཀྲུང་དབྱང་ཁེ་ལས་ཀྱི་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཅིག་ས་ཡ་གཅིག་བརྩོན་ལེན་བྱས་ཏེ་ལས་གཞི་རེ་གཅིག་གི་འཛུགས་སྐྲུན་མགོ་བརྩམས་པ་དང་ལས་གཞི་སོ་ལྔའི་འཛུགས་སྐྲུན་ལེགས་གྲུབ་བྱུང་། ཅང་སུའུ་ཞིང་ཆེན་དང་ཀྲུང་དབྱང་པུའུ་ཨུ། ཀྲུང་དབྱང་ཁེ་ལས་བཅས་བར་ཕན་ཚུན་མཚམས་འདྲི་དང་སྦྲེལ་མཐུད་ཐེངས་མང་བྱས་ཏེ་ཕྱོགས་གཉིས་ཀྱི་མཐུན་སྦྱོར་འབྲེལ་འདྲིས་བྱེད་ཚད་ཇེ་དྲག་ཏུ་བཏང་།
དེ་མིན། ནན་ཅིན་གྱི་དཔལ་འབྱོར་ཉོ་ཚོང་གྲོས་ཚོགས་དང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་བརྒྱུད་ནས་ཅང་སུའུ་ཞིང་ཆེན་བར་ཐོན་ཁུངས་གསར་སྤེལ་དང་ཁྱད་ལྡན་ཐོན་ལས་གསོ་སྐྱོང་མཉམ་ལས་སོགས་ཐད་ཀྱི་གྲོས་མཐུན་བརྒྱད་ཅུ་ལྷག་བཀོད་པ་དང་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་ལྔ་དུང་ཕྱུར་བཞི་བྱེ་བ་ལྔ་ལ་སླེབས། གནས་གཞན་གསོ་སྦྱོང་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་དྲུག་འབུམ་བདུན་དོན་འཁྱོལ་བྱས་ཏེ་འབྲེལ་ཡོད་གསོ་སྦྱོང་འཛིན་གྲྭ་ཐེངས་ཉིས་བརྒྱ་དང་དོན་གསུམ་ལ་བསྒྲུབས་པ་དང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མི་སྣ་དང་སྡེ་བ་དང་གཞིས་ཁུལ་གྱི་མི་ཁྲི་གཅིག་དང་སྟོང་གཅིག་ལྔ་བརྒྱ་ཉེར་གཉིས་ལ་གསོ་སྦྱོང་བྱས། སྨྱན་བྱད་དགེ་མཚན་འདོན་སྤེལ་བྱེད་པར་གཙིག་འཛིན་བྱེད་པ་དང་སྨྱན་བྱད་ཀྱི་ཆེད་དོན་མཚམས་འདྲི་དང་ཚགས་པར་དང་དུས་དེབ་སྟེང་འགོད་པ། པར་རིས་འགྲེམ་སྟོན་བྱེད་པ། བརྙན་དེབ་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་རྣམ་པ་བེད་སྤྱོད་གང་ལེགས་བྱས་ཏེ་ཞིང་ཆེན་དང་ཁུལ། རྫོང་བཅས་དང་དེ་མིན་གསར་འགྱུར་སྨྱན་བྱད་ཀྱིས་རོགས་སྐྱོར་འཛུགས་སྐྲུན་བྱ་བའི་ཁྲོད་ཀྱི་གཙོ་གནད་དང་གྲུབ་འབྲས་དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་ཅང་སུའུ་ཡིས་མཚོ་ལྷོ་ལ་རོགས་སྐྱོར་བྱེད་པའི་རྣམ་པ་མཐོར་འདེགས་བཏང་།