མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ཁྱོན་ཡོངས་ནས་ཡུས་ཧྲུའུ་ཁུལ་འབྲི་སྟོད་རྫོང་གི་ཐུམ་འབུའི་ནད་པར་སྨན་བཅོས་བྱེད་པའི་བྱ་བ་སྒྲུབ་མགོ་བརྩམས།
2017.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གི་ཞང་ལྔ་དང་གྲོང་རྡལ་གཅིག་ནས་ཡོང་བའི་ཐུམ་འབུའི་ནད་པ་བཅོ་ལྔ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་དུ་ཡོང་ནས་རིན་མེད་སྨན་བཅོས་བྱས་པ་དང་། དེས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གིས་འབྲི་སྟོད་རྫོང་གི་ཐུམ་འབུའི་ནད་པར་སྨན་བཅོས་བྱེད་པའི་བྱ་བ་མགོ་བརྩམས་པ་མཚོན་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་གནས་ཚུལ་ལ་རྐང་བཙུགས་པ་དང་ཚན་རིག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ་ལིང་ཏོག་གི་ནད་དང་འབྲས་སྐྲན་གཉིས་ལ་ཞིབ་བཤེར་བྱེད་པ་དང་ཐུམ་འབུའི་ནད་གསོ་བཅོས་བྱེད་པ་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་བྱུང་། ཞིང་ཆེན་ཡོངས་ཀྱི་འགོས་ནད་ཚབས་ཆེན་དང་ས་གནས་ནད་རིགས་འགོག་བཅོས་བྱ་བ་སོགས་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ཧུར་ཐག་གིས་བདེ་ཐང་དབུལ་སྐྱོར་བྱ་བའི་ཁྲོད་ཞུགས་ཏེ་འབྲི་སྟོད་རྫོང་སྲིད་གཞུང་བར་ནད་རིགས་ཚབས་ཆེན་དང་ས་གནས་ནད་རིགས་སྨན་བཅོས་བྱེད་པ་དང་བདེ་ཐང་དབུལ་སྐྱོར་གྲོས་མཐུན་བཀོད།

རྒྱ་གྲམ་དམར་པོ་སྨན་ཁང་གིས་སྔོན་ལ་ཆེད་མཁས་རུ་ཁག་རྩ་འཛུགས་བྱས་ཏེ་འབྲི་སྟོད་རྫོང་དུ་སོང་ནས་ས་གནས་སྨན་བཅོས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ་ཐུམ་འབུའི་ནད་སོགས་ཀྱི་ཞིབ་བཤེར་བྱ་བ་སྤེལ་བ་མ་ཟད་རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི་ཐུམ་འབུའི་ནད་པར་རིན་མེད་སྨན་བཅོས་བྱས།