རྒྱལ་ཡོངས་གནམ་གཤིས་རྟོག་དཔྱོད་སྡེ་ཁག་གིས་མཚོ་སྔོན་བོད་ཁུལ་གྱི་གནམ་གཤིས་རྟོག་དཔྱོད་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཇུས་གཞི་བཏོན།
2017.07.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

 ཉེ་ལམ། རྒྱལ་ཁབ་གནམ་གཤིས་རྟོག་དཔྱོད་སྡེ་ཁག་གིས་མཚོ་སྔོན་བོད་ཁུལ་གྱི་གནམ་གཤིས་རྟོག་དཔྱོད་བྱ་བར་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ཇུས་གཞི་བཏོན་པ་དང་། ཀྲུང་གོ་གནམ་གཤིས་རྟོག་དཔྱོད་ཅུའུ་ཡིས་ལས་སྒོའི་ཚན་རྩལ་དང་ཤེས་ལྡན་མི་སྣ། ལས་གཞིའི་མ་དངུལ་བཅས་ཕྱོགས་གསུམ་ཐད་ནས་མཚོ་སྔོན་བོད་ཁུལ་གྱི་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་གཏོང་རྒྱུ་གཏན་ལ་ཕབ།

ཇུས་གཞིའི་ནང་བསྟན་དོན། ཁ་གཏད་རོགས་སྐྱོར་བྱ་བའི་ནང་རྐྱེན་འཐུས་ཚང་དང་གསར་སྐྲུན་བྱེད་པ་དང་ཐོན་ཁུངས་གཅིག་བསྡུས་བྱེད་པ། ཁྱབ་ཁོངས་རྒྱ་བསྐྱེད་དེ་ཁ་གཏད་རོགས་སྐྱོར་བྱ་བ་དང་ཁྱོན་ཡོངས་ནས་བོད་ཁུལ་གྱི་གནམ་གཤིས་རྟོག་དཔྱོད་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་གཉིས་ཟུང་འབྲེལ་དམ་པོ་བྱེད་དགོས། མཚོ་སྔོན་བོད་ཁུལ་གྱི་གནམ་གཤིས་རྟོག་དཔྱོད་གསར་སྐྲུན་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་གནས་གཤིས་ལས་དོན་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བ། བོད་ཁུལ་གྱི་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཚོ་སྔོན་བོད་ཁུལ་གྱི་གནམ་གཤིས་རྟོག་དཔྱོད་དེང་རབས་ཅན་མངོན་འགྱུར་བྱེད་པར་འགན་སྲུང་བྱས་ནས་ཧུར་ཐག་གིས་མཚོ་སྔོན་བོད་ཁུལ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་གནམ་གཤིས་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཟེར།