གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2017ལོར་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་རིགས་སོ་སོའི་མ་དངུལ་ལེགས་སྒྲིག་བྱས་ནས་ལོ་ཧྲིལ་བོར་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་དྲུག་གཏོང་བའི་འཆར་གཞི་ཡོད་པ་དང་། བསྡོམས་པས་ལས་གཞི་ཞེ་དྲུག་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་དང་འབྲོག་ཁུལ་གསར་བའི་འཛུགས་སྐྲུན་གྱི་དོན་དངོས་བཟོ་སྐྲུན་བརྒྱད་པོ་ལག་བསྟར་བྱས། མིག་སྔའི་བར་དུ། བྱ་བ་སོ་སོའི་འཕེལ་རིམ་བདེ་བླག་ཡིན།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་དོན་དངོས་བཟོ་སྐྲུན་བརྒྱད་པོའི་ལས་གཞི་སྔ་མོ་ནས་འགོ་རྩོམ་པ་དང་གྲུབ་འབྲས་སྔ་མོ་ནས་འདོན་སྤེལ་བྱེད་པ། མང་ཚོགས་ལ་སྔ་མོ་ནས་ཕན་ཁེ་བསྐྲུན་ཆེད། བརྒྱུད་ལམ་གང་མང་ནས་མ་དངུལ་བརྩོན་ལེན་བྱས་ཏེ་ལོ་སྟོད་དུ་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གསུམ་དུང་ཕྱུར་བརྒྱད་བྱེ་བ་དྲུག་ས་ཡ་དྲུག་དངོས་འབེབས་བྱས་པ་དེས་འཆར་གཞིའི་མ་དངུལ་གྱི་བརྒྱ་ཆའི་བརྒྱ་དང་བཅུ་གསུམ་ཟིན་པ་དང་། མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་དགུ་བྱེ་བ་གསུམ་ས་ཡ་བཞི་ཡོངས་འགྲུབ་བྱས་པས་དངོས་འབེབས་བྱས་པའི་མ་དངུལ་གྱི་བརྒྱ་ཆའི་ང་བརྒྱད་ཟིན། དོན་དངོས་བཟོ་སྐྲུན་བརྒྱད་པོའི་ཁྲོད། ཆུ་གློག་ལམ་གསུམ་དང་བརྡ་འཕྲིན། རོང་འབྲོག་མང་ཚོགས་ཀྱི་སློབ་གསོ་དང་གསོ་སྦྱོང་སྤོ་བསྒྱུར། དབུལ་སྐྱོར་གསར་སྤེལ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་བཟོ་སྐྲུན་བཞིའི་ཐད་འཆར་གཞིའི་མ་དངུལ་གྱི་བརྒྱ་ཆའི་བརྒྱ་ཡི་ཡན་བཏང་། དེའི་ནང་། རོང་འབྲོག་མང་ཚོགས་ཀྱི་སློབ་གསོ་དང་གསོ་སྦྱོང་སྤོ་བསྒྱུར། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་། རིག་གནས་དང་ཁྲིམས་ལུགས་སྡེ་བ་ནས་ཁྱིམ་ཚང་ལ་བསྐྱོད་པ། དབུལ་སྐྱོར་གསར་སྤེལ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་སོགས་བཟོ་སྐྲུན་ལྔའི་འཕེལ་རྒྱས་ཅུང་མགྱོགས་ཤིང་། མ་དངུལ་གཏོང་ཚད་བརྒྱ་ཆའི་ང་ལྔའི་ཡན་ལ་སླེབས།
དེ་ལས་གཞན། མ་དངུལ་ཚང་མ་ཐོན་མེད་པའི་ལས་གཞི་དག་འགན་ཁུར་ལས་ཁུངས་ཀྱིས་འབད་བརྩོན་བྱས་ཏེ་མ་དངུལ་དངོས་འབེབས་སྦྲེལ་མཐུད་བྱེད་བཞིན་ཡོད་པ་མ་ཟད། ཧུར་ཐག་གིས་དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་སྤེལ་བཞིན་པའི་སྒང་རེད། མ་དངུལ་ཐོན་མ་ཐག་འཛུགས་སྐྲུན་མྱུར་དུ་ལས་འགོ་རྩོམ་ཆེད། མ་དངུལ་ཐོན་ཟིན་པའི་ལས་གཞི་དག་འགན་ཁུར་ལས་ཁུངས་ཀྱིས་དུས་ཚིགས་ལེགས་པོའི་ནང་བཟོ་སྐྲུན་ལག་བསྟར་བྱས་ཏེ་དོན་དངོས་བཟོ་སྐྲུན་བརྒྱད་པོ་སྔ་མོ་ནས་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་ཆེད་གྲུབ་འབྲས་འདོན་སྤེལ་བྱེད་ཀྱིན་ཡོད་པ་རེད།