དེ་རིང་སྔ་དྲོར། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་གནང་བའི་རྒྱལ་ཡོངས་བོད་སྐད་རླུང་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་ཐེངས་སོ་གསུམ་པ་དང་། རྒྱལ་ཡོངས་བོད་སྐད་རླུང་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་ཚོགས་འདུ་སྐབས་བཅོ་བརྒྱད་པ་གཙོད་གྲོང་ཁྱེར་ནས་ཚོགས་ལ། ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་སྒྲུབ་ཨུ་ཡོན་ལྷན་ཁང་གི་ཚོགས་གཙོ་གཞོན་པ། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཏིས་ལིས་ཤར་ཐུ་ཨེ་ཙུ་ཀེ་དང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལེའང་རྣམ་གཉིས་ཚོགས་འདུར་ཞུགས། ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་སྒྲུབ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། བོད་ལྗོངས་བརྙན་འཕྲིན་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཡུན་ནན་བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བོད་ལྗོངས་ཆབ་མདོ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ལས་ཁུངས50ལྷག་གི་ཆེད་མཁས་པ་དག་ལོ་གཅིག་ལ་ཐེངས་གཅིག་གི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་ཀྱི་གཞི་ཁྱོན་ཆེས་ཆེ་ཞིང་། ཚད་གཞི་ཆེས་མཐོ་བའི་ལེ་ཚན་དཔྱད་སྡུར་དང་ལས་སྒོའི་འབྲེལ་འདྲིས་ལ་ཞུགས།
ཚོགས་ཞུགས་མགོ་ཁྲིད།
ཚོགས་ཞུགས་མགོ་ཁྲིད།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལེའང་།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལེའང་གིས་ཚོགས་འདུའི་སྟེང་སྤྲོ་སེམས་འཁོལ་བའི་གཏམ་བཤད་གནང་ཞིང་། ཁོང་གིས་ཐེངས་འདིའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་དང་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་ལེ་ཚན་དཔྱད་སྡུར་ཚོགས་འདུ་ནི། རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་མ་ལག་གིས་ཕན་ཚུན་ལ་སློབ་སྦྱོང་དང་། འབྲེལ་འདྲིས་ཇེ་ལེགས། མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ལ། ཚོགས་འདུ་དང་དཔྱད་འདེམས་བྱ་འགུལ་འདི་བརྒྱུད་ནས་སྤུན་གྲོགས་ལྟ་བུའི་ལས་ཁུངས་དག་གི་མཛའ་བརྩེ་ཇེ་ཟབ་དང་རྒྱུ་ཆ་མཉམ་སྤྱོད་བྱས་ཏེ། མཉམ་འབྲེལ་གྱི་ཁྱབ་ཁོངས་ཆེར་བསྐྱེད་དང་། མཉམ་ལས་ཀྱི་ནང་དོན་ཇེ་ཟབ་ཏུ་ཆད་མེད་གོང་སྤེལ་བྱས་ནས། སྔར་བས་ལྷག་པའི་ཕུལ་བྱུང་བརྩམས་ཆོས་འབྱུང་བ་དང་། མཉམ་འབྲེལ་བརྗེ་རེས་ཁྲོད་མཉམ་དུ་མདུན་སྐྱོད་དང་། མཉམ་པོར་གོང་འཕེལ་ཡོང་བ་མངོན་འགྱུར་བྱས་ཏེ། རྒྱལ་ཡོངས་བོད་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན། དཔལ་འབྱོར་གོང་འཕེལ་ཡོང་བར་ནུས་པ་བླ་ལྷག་ཏུ་འདོན་རྒྱུ་ནི་རེ་བ་ཉག་ཅིག་ཡིན་ཟེར།
ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་སྒྲུབ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རིན་ཀྲིན་ཧོས་ནོང་།
དཔྱད་འདེམས་གཞུང་ལས་ཁང་དང་། ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་གྲངས་ཉུང་མི་རིགས་ལེ་ཚན་བྱ་སྒྲུབ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་ཀྲུའུ་རིན་ཀྲིན་ཧོས་ནོང་གིས་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་ཕུལ་བྱུང་བརྩམས་ཆོས་དཔྱད་སྡུར་སྐབས་བཅོ་བརྒྱད་པར་གཟབ་ནན་གྱི་དཔྱད་སྡུར་བྱ་ཐབས་བརྒྱུད་ཕུལ་བྱུང་བརྩམས་ཆོས་དང་། ལེ་ཚན་སྤུས་ལེགས་འདེམས་པའི་བྱེ་བྲག་གི་རེ་བ་བཏོན་ལ། བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་ལས་ཁུངས་སོ་སོའི་ཚབ་བྱས་ནས་གཏམ་བཤད་གནང་།
བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཐའེ་ཀྲང་གཞོན་པ་བཀྲ་ཤིས་དོན་འགྲུབ།
ལས་ཁུངས་སོ་སོའི་ཆེད་མཁས་པ་དག
ལས་ཁུངས་སོ་སོའི་ཆེད་མཁས་པ་དག
ལས་ཁུངས་སོ་སོའི་ཆེད་མཁས་པ་དག
ལས་ཁུངས་སོ་སོའི་ཆེད་མཁས་པ་དག
ལས་ཁུངས་སོ་སོའི་ཆེད་མཁས་པ་དག