རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བསོད་ནམས་ཚེ་རིང་གིས་མགོ་ལོག་དར་ལག་རྫོང་ནས་བཀོད་པའི་གསར་འགྱུར།
ཐུན་མིན་ཁྱད་ཆོས་ལྡན་པའི་རྨ་ཡུལ་གེ་སེར་དར་ལག་ཅེས་པའི་རིག་གནས་མཚན་སྙན་ཆེས་ཆེར་རྒྱས་པར་བྱ་ཆེད། དར་ལག་རྗོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་། དར་ལག་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྒྲུབ་འགན་ཁུར་ལ། མཚོ་སྔོན་ཇོ་མོ་གླང་མ་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་སྒྲུབ་རོགས་བྱས་པའི་དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དར་ལག་རྫོང་རྨ་གཡང་ཕྱུག་མོའི་རྩྭ་ཐང་གི་གླིང་དཀར་སྟོད་རྟ་རྒྱུག་འདུ་ར་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས།
རིག་གནས་སྒྱུ་རྩལ་དུས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་། དར་ལག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཝེ་དང་། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཧེ་ལིན་གཉིས་ཀྱིས་ཞུ་ཚིག་ཕུལ་བ་དང་། མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཧེ་ལིན་གྱིས་རིག་གནས་སྒྱུ་རྩལ་དུས་ཆེན་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སློབ་གསོའི་སྡེ་ཁག་གི་འབྲེལ་ཡོད་མགོ་ཁྲིད་པ་དང་། མགོ་ལོག་ཁུལ་རིམ་པའི་འབྲེལ་ཡོད་མགོ་ཁྲིད་པ། སྤུན་ཟླའི་རྫོང་ཁག་གི་འབྲེལ་ཡོད་མགོ་ཁྲིད་པ། ཞིང་ཆེན་ཕྱི་ནང་གི་སྨྱན་བྱད་གཙོ་བོའི་གསར་འགོད་པ་སོགས་ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཞུགས་ཡོད། རིག་གནས་སྒྱུ་རྩལ་དུས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ་ད་རུང་བོད་ཁུལ་གྱི་མིང་དུ་གྲགས་པའི་གླུ་བ་གླུ་མ་གཙོས་གླུ་གར་སྣ་ཚོགས་འཁྲབ་སྟོན་བྱས་ཏེ་དུས་སྟོན་ལ་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་པར་བྱས།
དར་ལག་རྫོང་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ཕྱོགས་སུ་གནས་ཤིང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ཁུལ་གཙོ་བོ་ཞིག་ཡིན་ལ། མཚོ་སྔོན་དང་སི་ཁྲོན་འབྲེལ་མཚམས་ཀྱི་གལ་ཆེ་བའི་འགྲིམ་འགྲུལ་ལྟེ་བ་ཞིག་ཏུ་གྱུར་ཡོད། དར་ལག་གི་མངའ་ཁོངས་སུ་གེ་སར་རིག་གནས་ཀྱི་ཤུལ་བཞག་དང་ངག་རྒྱུན་མང་བོ་ཡོད་པར་མ་ཟད། གེ་སར་རིག་གནས་ཀྱི་འབྱུང་ཡུལ་དང་རྨ་ཡུལ་མུ་ཏིག་དར་ལག་ཅེས་པའི་མཚན་སྙན་ཐོབ་ཡོད་ལ། མགོ་ལོག་ཁུལ་གྱི་ཆེས་ཐོག་མར་སྐར་ལྔའི་དར་དམར་བསྒྲེངས་སའི་རྫོང་ཁག་ཀྱང་ཡིན་པ་རེད།
ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱིས་རྨ་ཆུའི་རིག་གནས་ཁུངས་སྣེ་རུ་བཟུང་ཞིང་། གེ་སར་རིག་གནས་ལ་ཁ་གཏད་དེ། མི་རིགས་མཐུན་སྒྲིལ་གྱི་བརྗོད་སྙིང་མངོན་པར་མཚོན་པ་དང་། བོད་རིགས་ཀྱི་ཡུལ་སྲོལ་དང་དར་ལག་མི་དམངས་ཀྱི་ལས་ལ་བརྩོན་ཞིང་བབ་ཆགས་པའི་བསམ་བློའི་རྣམ་པ་མཚོན་པར་བྱས་ཡོད་ལ། དེ་ནི་དར་ལག་རྫོང་གི་གནས་སྐོར་མཚམས་སྦྱོར་དང་། རིག་གནས་བརྗེ་རེས། ལུས་རྩལ་འགྲན་སྡུར་བཅས་གཞི་གཅིག་ཏུ་གྱུར་བའི་སྟོན་ཚོགས་ཆེན་པོ་ཞིག་ཡིན་པ་དང་། དར་ལག་གི་ལོ་རྒྱུས་རིག་གནས་ཐོན་ཁུངས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། གེ་སར་གྱི་ཐུན་མིན་རིག་གནས་ལྡན་པའི་རྫོང་ཁག་འཛུགས་སྐྲུན་བྱེད་པར་ནུས་པ་གལ་ཆེན་ཐོན་ཐུབ་ལ། དར་ལག་དང་ཕྱི་ཕྱོགས་ཀྱི་རིག་གནས་བརྗེ་རེས་དང་དཔལ་འབྱོར་ལག་རྩལ་གྱི་མཉམ་ལས་ལ་ཡར་སྐུལ་གཏོང་བ་དང་། ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་རྒྱ་བསྐྱེད་པ། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་བར་སྔོན་བསུ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པར་མ་ཟད། དེ་ནི་རིག་གནས་གནས་སྐོར་གྱི་སྐད་གྲགས་ཆེ་བའི་རྫོང་ཁག་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་བཀོད་སྒྲིག་ཅིག་ཀྱང་ཡིན།
ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་སུ། གླུ་གར་འཁྲབ་སྟོན་དང་རྟ་རྒྱུན་འགྲན་སྡུར། མདའ་འཕེན་སོགས་ངོ་མཚར་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ལྟད་མོ་བའི་ཚོགས་ཀྱི་མིག་གི་དགའ་སྟོན་དུ་ཕུལ་དང་འབུལ་མུས་སུ་མཆིས།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དར་ལག་རྫོང་རྨ་གཡང་ཕྱུག་མོའི་རྩྭ་ཐང་གི་གླིང་དཀར་སྟོད་རྟ་རྒྱུག་འདུ་ར་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས། མགོ་རྩོམ་མཛད་སྒོའི་སྟེང་གི་ཀྲུའུ་ཞིའི་སྟེགས་བུའི་ཟུར་ཞིག
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དར་ལག་རྫོང་རྨ་གཡང་ཕྱུག་མོའི་རྩྭ་ཐང་གི་གླིང་དཀར་སྟོད་རྟ་རྒྱུག་འདུ་ར་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས། མགོ་རྩོམ་མཛད་སྒོའི་སྟེང་གི་ཀྲུའུ་ཞིའི་སྟེགས་བུའི་ཟུར་ཞིག
དར་ལག་རྫོང་གི་རྫོང་དཔོན་འབྲུག་ལོ་ཡིས་དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་མགོ་འཛིན་བྱས།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དར་ལག་རྫོང་རྨ་གཡང་ཕྱུག་མོའི་རྩྭ་ཐང་གི་གླིང་དཀར་སྟོད་རྟ་རྒྱུག་འདུ་ར་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས། མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་དར་བསྒྲེང་བཞིན་པ།
དར་ལག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཝེ་ཡིས་དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་བཞིན་པ།
མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཧེ་ལིན་གྱིས་རིག་གནས་སྒྱུ་རྩལ་དུས་ཆེན་དངོས་སུ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དར་ལག་རྫོང་རྨ་གཡང་ཕྱུག་མོའི་རྩྭ་ཐང་གི་གླིང་དཀར་སྟོད་རྟ་རྒྱུག་འདུ་ར་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་དེ་ཟླ་བརྒྱད་པའི་ཚེས་བཞི་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དར་ལག་རྫོང་རྨ་གཡང་ཕྱུག་མོའི་རྩྭ་ཐང་གི་གླིང་དཀར་སྟོད་རྟ་རྒྱུག་འདུ་ར་ནས་གཟབ་རྒྱས་ངང་སྤེལ་མགོ་བརྩམས། ཚོགས་རའི་ཟུར་ཞིག