རོལ་དབྱངས་ནི་མི་སེམས་ལ་སིམ་པའི་ཇ་དཀར་ཡོལ་གང་ཡིན་ལ། རོལ་དབྱངས་ནི་རྣམ་ཤེས་ལ་དྲོད་ཁོལ་སྩོལ་བའི་ཉི་འོད་ཀྱང་ཡིན་ངེས། དེ་བས་རོལ་དབྱངས་ལ་རྒྱལ་མཚམས་མེད། རྒྱལ་ཁབ་ཕྱི་ནང་གི་གླུ་བ་རྣམ་པར་བརྗེ་རེས་ཀྱི་སྟེགས་བུ་ཞིག་འདོན་སྤྲོད་བྱ་ཆེད། ཟླ་བརྒྱད་པའི་ཚེས་བཞི་ཉིན་ལ། རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་སྐབས་དང་པོའི་རྫ་ཆུའི་རྫ་སྟོད་རྒྱལ་སྤྱིའི་གཙང་བོའི་རོལ་དབྱངས་དུས་ཆེན་གྱི་མཛད་སྒོ་དེ་རྫ་ཆུའི་འགྲམ་ངོགས་སུ་མགོ་བརྩམས།
བྱ་འགུལ་གྱི་ཉིན་མོར། རྩྭ་ཐང་ཧྲིལ་བོར་གླུ་གར་གྱི་ཡོ་ལང་རྣམ་པར་རྒྱས་ཤིང་། ཐག་ཉེ་རིང་གི་མགྲོན་པོ་དང་ཡུལ་སྐོར་བ་མང་པོ་གཞི་གཅིག་ཏུ་འདུས་ཏེ། གླུ་བ་རྣམས་ཀྱི་འཁྲབ་སྟོན་དང་ལྷན་དུ་ཡུལ་དངོས་ཀྱི་དུས་ཆེན་གྱི་རྣམ་པ་དེ་མཐོ་རླབས་གསར་བ་ཞིག་ཏུ་སུ་སླེབས་པ་རེད།