མཚོ་སྔོན་ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཁང་གིས་བསྒྲགས་པའི་རྒྱུ་ཆ་གསར་བ་ལྟར་ན། ཟླ་བརྒྱད་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་ཉིན་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ཕྱོགས་ས་ཁུལ་ལས་གཞན་པའི་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་ཆར་འབབ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བརྒྱད་པའི་ཚེས་བདུན་ཉིན། མཚོ་ནུབ་ཁུལ་གྱི་ནུབ་ཕྱོགས་ལ་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཆུང་ཆུང་དང་ཡང་ན་ཆར་ཟམ་ཟིམ་འབབ་པ་ནས་སྤྲིན་མང་རྒྱུ་རེད། ཟླ་བརྒྱད་པའི་ཚེས་བརྒྱད་ནས་ཚེས་བཅུ་ཉིན་བར། མཚོ་ནུབ་ཁུལ་ལ་གནམ་ཐང་བ་ནས་སྤྲིན་མང་རྒྱུ་རེད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་ཆར་ཟམ་ཟིམ་དང་ཡང་ན་དྲག་ཆར་འབབ་རྒྱུ་རེད། དེ་བས་གནམ་གཤིས་ཆེད་མཁས་པ་ཚོས་འབྲེལ་ཡོད་སྡེ་ཁག་གིས་ནུས་ལྡན་བྱེད་ཐབས་སྤྱད་དེ་ཆུ་ལོག་སྔོན་འགོག་གི་བྱ་བ་བཟང་བོར་སྒྲུབ་དགོས་པའི་དྲན་སྐུལ་བྱས།