ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་གྱི་མཐུན་སྦྱོར་ཚོགས་འདུ་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས།
2017.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

 AP1A3921_副本.jpg

ཟི་ཁྲོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། བོད་ལྗོངས་བོད་སྐད་རླུང་འཕྲིན། ཀན་ལྷོ་བོད་སྐད་རླུང་འཕྲིན། བདེ་ཆེན་བོད་སྐད་རླུང་འཕྲིན། དཔའ་རིས་བོད་སྐད་རླུང་འཕྲིན་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབ་རྒྱུ་ཡིན་པའི་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་གྱི་མཐུན་སྦྱོར་ཚོགས་འདུ་དེ་རིང་སྟེ་སྤྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན་གྱི་སྔ་དྲོར་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས།

AP1A3944_副本.jpg

ཟི་ཁྲོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན།བོད་ལྗོངས་བོད་སྐད་རླུང་འཕྲིན།ཀན་ལྷོ་བོད་སྐད་རླུང་འཕྲིན།བདེ་ཆེན་བོད་སྐད་རླུང་འཕྲིན།དཔའ་རིས་བོད་སྐད་རླུང་འཕྲིན་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབ་རྒྱུ་ཡིན་པའི་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་གྱི་མཐུན་སྦྱོར་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས།

AP1A3966_副本.jpg

ཟི་ཁྲོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན།བོད་ལྗོངས་བོད་སྐད་རླུང་འཕྲིན།ཀན་ལྷོ་བོད་སྐད་རླུང་འཕྲིན།བདེ་ཆེན་བོད་སྐད་རླུང་འཕྲིན།དཔའ་རིས་བོད་སྐད་རླུང་འཕྲིན་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབ་རྒྱུ་ཡིན་པའི་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་གྱི་མཐུན་སྦྱོར་ཚོགས་འདུ་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས།

AP1A3959_副本.jpg

ཟི་ཁྲོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན།བོད་ལྗོངས་བོད་སྐད་རླུང་འཕྲིན།ཀན་ལྷོ་བོད་སྐད་རླུང་འཕྲིན།བདེ་ཆེན་བོད་སྐད་རླུང་འཕྲིན།དཔའ་རིས་བོད་སྐད་རླུང་འཕྲིན་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབ་རྒྱུ་ཡིན་པའི་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་གྱི་མཐུན་སྦྱོར་ཚོགས་འདུ་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས།

 

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཆོས་ཕྱུག་རྒྱལ་དང་ཕྱུག་ལོས་བཀོད་པའི་གསར་འགྱུར།

ཏང་གི་ཚོགས་ཆེན་བཅུ་དགུ་པ་དགའ་བས་བསུ་བའི་བཅར་འདྲིའི་བྱ་འགུལ་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་མཐུན་སྦྱོར་ཚོགས་འདུ་དེ་རིང་སྟེ་སྤྱི་ཟླ་བརྒྱད་པའི་ཚེས་བདུན་ཉིན་གྱི་སྔ་དྲོར་ཟི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཚོགས།

ཟི་ཁྲོན་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན།བོད་ལྗོངས་བོད་སྐད་རླུང་འཕྲིན།ཀན་ལྷོ་བོད་སྐད་རླུང་འཕྲིན།བདེ་ཆེན་བོད་སྐད་རླུང་འཕྲིན།དཔའ་རིས་བོད་སྐད་རླུང་འཕྲིན་བཅས་ཀྱི་འབྲེལ་ཡོད་འགན་ཁུར་པ་ཚོགས་འདུར་ཞུགས།ཚོགས་འདུའི་སྟེང་བོད་སྐད་རླུང་འཕྲིན་ཁང་སོ་སོའི་འགན་ཁུར་པས་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་སྤེལ་བའི་དུས་ཚོད་དང་། ལམ་ཐིག བཅར་འདྲིའི་ནང་དོན། བཅར་འདྲི་བྱ་ཡུལ། བཅར་འདྲིར་འགྲོ་བའི་གསར་འགོད་པ་སོགས་ཀྱི་ཐད་སོ་སོའི་བསམ་ཚུལ་ལྷུག་པོར་བརྗོད་ནས་གྲོས་སྡུར་བྱས་པ་དང་གྲོས་ཁ་གཅིག་མཐུན་བྱུང་།

ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་མ་བྱེད་ཆེད། ཟི་ཁྲོན་བོད་སྐད་རླུང་འཕྲིན་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན། བོད་ལྗོངས་བོད་སྐད་རླུང་འཕྲིན། ཀན་ལྷོ་བོད་སྐད་རླུང་འཕྲིན། བདེ་ཆེན་བོད་སྐད་རླུང་འཕྲིན། དཔའ་རིས་བོད་སྐད་རླུང་འཕྲིན་བཅས་ཀྱིས་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་སྤེལ་རྒྱུའི་ཐག་བཅད། བྱ་འགུལ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱས་ཏེ། བོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཐོག་མཐའ་བར་གསུམ་ཀུན་ཏུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་པ་དང་། ཡིད་ཆེས་བཞི་བརྟན་པོར་བཅངས་ལ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་དང་ཏང་གི་བོད་སྐྱོང་ཐབས་ཇུས་རྒྱུན་འཁྱོངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ལ་ཡར་སྐུལ་བྱས་ནས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་མཚོན་རྒྱུ་ཡིན་པ་དང་། བོད་ཁུལ་གྱི་དགའ་འོས་པའི་འཕེལ་རྒྱས་ཀྱི་རྣམ་པ་ཡོངས་སུ་ངོམ་རྒྱུ་རེད།

བཅར་འདྲིའི་ཁྲོད་དུ་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་། དཔལ་འབྱོར་འཕེལ་རྒྱས། དམངས་ཚིས་ལེགས་བཅོས། རིག་གནས་གོང་འཕེལ། སྤྱི་ཚོགས་ལས་དོན་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གཞི་རིམ་ཏང་འཛུགས། ཁ་གཏད་རོགས་སྐྱོར་སོགས་གཙོ་བོར་བཟུང་ནས། བོད་ཁུལ་གྱི་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ཁྱོན་ཡོངས་ནས་མཚོན་པ་དང་། ལྗོངས་ཞིང་ལྔའི་བོད་ཁུལ་གྱིས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པའི་བསམ་བློའི་རྣམ་པ་དང་ལག་ལེན་གྱི་སྦྱོར་བ་དག་དྲིལ་སྒྲོག་བྱ་རྒྱུ་རེད།

ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་བཅར་འདྲིའི་བྱ་འགུལ་དེ་སྤྱི་ཟླ་བརྒྱད་པའི་ཟླ་མཇུག་ནས་བཟུང་སྤེལ་རྒྱུ་ཡིན་ལ། གསར་འགོད་པ་དག་སྐོར་ཁག་གཉིས་སུ་བགོ་རྒྱུ་ཡིན་ཏེ། སྐོར་ཁག་དང་པོ་ཁྲིན་ཏུའུ་ནས་དར་རྩེ་མདོ་དང་། ཉག་ཆུ། ལི་ཐང་། འབའ་ཐང་། བདེ་ཆེན། སྨར་ཁམས། སྤོ་མེས། ཉིང་ཁྲི་བཅས་བརྒྱུད་དེ་ལྷ་སར་བསྐྱོད་རྒྱུ་དང་། སྐོར་ཁག་གཉིས་པ་ཁྲིན་ཏུའུ་ནས་འབར་ཁམས་དང་། ཁྱུང་མཆུ། མཛོད་དགེ། ཀན་ལྷོ། ཟི་ལིང་། ན་གོར་མོ། ནག་ཆུ། ཡངས་པ་ཅན་བཅས་བརྒྱུད་དེ་ལྷ་སར་བསྐྱོད་རྒྱུ་རེད།བཅར་འདྲིའི་སྐབས་སུ་གསར་འགྱུར་མྱུར་སྒྲོག་དང་བསྟུད་འགོད་ཆེད་སྒྲིག ཡུལ་དངོས་ཐད་གཏོང་། འཕྲིན་སྦྱོར་གསར་བ་བཀོལ་སྤྱོད་བཅས་ཀྱི་བཅར་འདྲིའི་ཐབས་ལམ་སྣ་མང་སྤྱོད་རྒྱུ་རེད།