རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བསོད་ནམས་ཚེ་རིང་གིས་མགོ་ལོག་དར་ལག་རྫོང་ནས་སྤེལ་བའི་གསར་འགྱུར།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་ལས་རིམ་ཚང་མ་མཇུག་རྫོགས་ནས་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་འབྲུག་མོའི་ཐང་ཆེན་ནས་རྒྱལ་ཁའི་ངང་མཇུག་སྒྲིལ།
མཇུག་སྒྲིལ་མཛད་སྒོར་དར་ལག་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚང་མ་ཞུགས་ཡོད་པ་དང་། མགོ་ཁྲིད་རྣམ་པས་འགྲན་སྡུར་བྱ་འགུལ་རེ་རེའི་ནང་བྱ་དགའ་ཐོབ་མཁན་དང་སྔོན་ཐོན་ཐུན་མོང་གི་འཐུས་མི་བཅས་ལ་བྱ་དགའ་བྱིིན། དར་ལག་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གསེར་མཚོ་ཡིས་མཇུག་སྒྲིལ་མཛད་སྒོའི་སྟེང་སྤྱི་བསྡོམས་གཏམ་བཤད་སྤེལ། དེ་མིན་སྔོན་ཐོན་ཐུན་མོང་རྒྱུད་སྨད་གྲོང་རྡལ་གྱི་འཐུས་མིས་གཏམ་བཤད།
ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱི་ཚོགས་ཡུན་ཉིན་ལྔ་ཡིན་པ་དང་། སྒྱུ་རྩལ་དུས་ཆེན་སྐབས་སུ་རྨིད་ཁྲི་ཅན་གྱི་རྟ་རྒྱུག་འགྲན་སྡུར་དང་། རྨིད་ལྔ་སྟོང་ཅན་གྱི་རྟ་རྒྱུག་འགྲན་སྡུར། རྨིད་སྟོང་ཅན་གྱི་གཡག་རྒྱུག་འགྲན་སྡུར། མདའ་འཕེན་འགྲན་སྡུར། ཐག་འཐེན་འགྲན་སྡུར། ས་སྒྱེ་འགྱོག་པའི་འགྲན་སྡུར། དེ་མིན་དར་ལག་རྫོང་ཁོངས་ཀྱི་ཞང་དགུ་དང་གྲོང་རྡལ་གཅིག་གི་ཆེད་དོན་རིག་རྩལ་འཁྲབ་སྟོན་བཅས་བྱ་འགུལ་གྱ་ནོམ་པ་བཀོད་སྒྲིག་བྱས་འདུག
ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་ལས་རྨ་ཡུལ་མུ་ཏིག་དར་ལག་རྫོང་གི་རི་ཆུའི་མཛེས་པ་དང་བསམ་བློའི་བློ་སྤོབས་ཀྱི་གཟི་མདངས་གསལ་རྗེན་དུ་མངོན་ཡོད་ཅིང་། དུས་སྟོན་དེ་ནི་དར་ལག་རྫོང་གི་ཆབ་དཔལ་རིག་གསུམ་གྱི་གྲུབ་འབྲས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་པ་དང་དར་ལག་གི་སྣང་བརྙན་མཚོན་པའི་མིང་བྱང་ལྟ་བུར་གྱུར་ཡོད། དེས་དར་ལག་རྫོང་གི་འབྲོག་པ་མང་ཚོགས་ཀྱི་བསམ་བློའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཁྱད་པར་དུ་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཐད་ལའང་ནུས་པ་མི་དམན་ཐོན་ཐུབ་པར་གདོན་མི་ཟ།
མཇུག་སྒྲིལ་མཛད་སྒོའི་ལས་རིམ་ཚང་མ་མཇུག་རྫོགས་རྗེས་ངོ་མཚར་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ཤིང་། དར་ལག་རྫོང་གི་ལས་རིགས་སོ་སོའི་འཁྲབ་སྟོན་པས་གླུའི་འགྱུར་ཁུགས་སྙན་མོ་ལས་ཕ་ཡུལ་དར་ལག་ལ་བཅངས་པའི་དགའ་ཞེན་མཚོན་པར་བྱས་པ་དང་། གར་གྱི་སྟངས་སྟབས་མགྱོགས་མོ་ལས་མ་འོངས་འཚོ་བར་བཅངས་པའི་རེ་སྨོན་མཚོན་པར་བྱས།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་འབྲུག་མོའི་ཐང་ཆེན་ནས་རྒྱལ་ཁའི་ངང་མཇུག་སྒྲིལ། མཇུག་སྒྲིལ་མཛད་སྒོར་ཞུགས་པའི་དར་ལག་རྫོང་གི་མགོ་ཁྲིད་རྣམ་པ།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་འབྲུག་མོའི་ཐང་ཆེན་ནས་རྒྱལ་ཁའི་ངང་མཇུག་སྒྲིལ། དར་ལག་རྫོང་གི་མགོ་ཁྲིད་ཚོས་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་སྟེར་བཞིན་པ།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་གི་རྟ་རྒྱུག་འགྲན་སྡུར་གྱི་རྣམ་པ།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་གི་རྟ་རྒྱུག་འགྲན་སྡུར་གྱི་རྣམ་པ།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་གི་གཡག་རྒྱུག་འགྲན་སྡུར་གྱི་རྣམ་པ།
དར་ལག་རྫོང་སྐབས་གཉིས་པའི་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་གནས་སྒྱུ་རྩལ་དུས་ཆེན་སྟེང་གི་གཡག་རྒྱུག་འགྲན་སྡུར་གྱི་རྣམ་པ།
དར་ལག་རྫོང་གི་རྨ་ཆུའི་མཛེས་པ་གཞན་ཞིག
དར་ལག་རྫོང་མཁར་གྱི་ཟུར་ཞིག