ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2017ལོའི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་བྱ་བ་གཙོ་བོའི་སྐོར་གྱི་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་ནས། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་ལས་འགན་གཙོ་བོ། འགན་སྲུང་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཁྱབ་ཁོངས་གཙོ་བོ་བཅུ་དང་ཕྱོགས་སོ་བརྒྱད་ལ་དམིགས་ནས་ལོ་ཧྲིལ་བོའི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་སྣ་བརྒྱ་དང་རེ་གཉིས་སྤེལ་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་གཙོ་བོའི་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ཐད་ནས་གཙོ་བོར། སྤྱི་ཐུན་ཐོན་ཁུངས་དཀར་ཆག་གསལ་ཁྲ་ལས་ནས། སྤྱི་ཐུན་ཐོན་ཁུངས་ཉོ་ཚོང་གི་གོ་རིམ་ཧྲིལ་བོ་གློག་རྡུལ་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། གློག་ཤུགས་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། དྭངས་གཙང་ནུས་ཁུངས་འཛད་སྤྱོད་རྐྱེན་སྲོལ་འཛུགས་པ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཐད་ཤུགས་སྣོན་པ། ཁྱབ་ཁོངས་ཆེན་པོ་བཞིའི་ཡིད་རྟོན་འཛུགས་སྐྲུན་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྤྱི་ཐུན་ཡིད་རྟོན་ཆ་འཕྲིན་སྟེགས་བུ་ལེགས་བསྒྱུར་བྱེད་པ། འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱི་དངོས་གོང་ཇེ་ལྷོད་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཞིང་ཆེན་བརྒལ་ནས་གློག་འདོན་པའི་གློག་རིན་དང་རང་བྱུང་སོལ་རླངས་སྦུག་ལམ་སྐྱེལ་འདྲེན་རིན་གོང་། གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་རིན་གོང་ལ་བཅོས་བསྒྱུར་བྱས་ནས། ཆུ་གློག་དང་སོལ་རླངས་སོགས་ལ་སྲིད་གཞུང་གིས་རིན་གོང་གཏན་ཁེལ་བྱེད་པ་དང་དོ་དམ་བྱེད་པའི་རྣམ་པ་ཚད་ལྡན་དུ་གཏོང་བ། གཞུང་བཀོལ་རླངས་འཁོར་ཐད་ཀྱི་བཅོས་བསྒྱུར་སོགས་གོ་རིམ་ལྡན་པའི་སྤེལ་བ་བཅས་འདུ།