སྨུག་པ་ལ་སྲུང་སྐྱོབ་ས་ཚིགས(ཨ་ཆེན་གངས་རྒྱབ་རི་སྐྱེས་སྲོག་ཆགས་ཞིབ་འཇུག་ལྟེ་གནས་དང་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱང་ཡིན།)ཀྱི་མཚོ་ངོས་མཐོ་ཚད་ལ་སྨི4680ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ15000ཡོད། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཤར་མཐའི་མཚོ་བོད་ལམ་ཐིག་གི་སྟེང་དུ་གནས་ལ། སྲུང་སྐྱོབ་ས་ཚིགས་སོ་སོའི་བར་འབྲེལ་བ་གཟུགས་བྱེད་ཀྱི་གཟུངས་ཐག་ལྟ་བུ་ཡིན། སྲུང་སྐྱོབ་ས་ཚིགས་འདིས"རྐུན་གཉིས"ཀྱི་ཐལ་སྤྱོད་ལ་བཀག་འགོག་བྱེད་པའི་ལས་འགན་སྒྲུབ་པ་ལས་གཞན། གཙོད་དང་རྐྱང་། འབྲོང་སོགས་རི་སྐྱེས་སྲོག་ཆགས་དང་ཕུན་སུམ་ཚོགས་པའི་གཏེར་ཁའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུར་འགན་ཁུར་ཡོད་ལ། ཉིན་རྒྱུན་གྱི་སྐོར་སྲུང་དང་སྐོར་ཞིབ་བྱ་བ་ལའང་འགན་ཁུར་གྱི་ཡོད། དེ་ལས་གཞན་ཝུའུ་པེ་ཟམ་ཆེན་གྱི་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་གཙོད་དང་དུས་བསྟུན་གནས་སྤོ་བྱ་རིགས། དེ་མིན་རི་སྐྱེས་སྲོག་ཆགས་མང་པོ་གནས་སྤོ་དང་ཕྱིར་ལྡོག་བྱེད་པའི་བདེ་འཇགས་ཀྱི་བྱ་བར་འགན་ཁུར་གྱིན་ཡོད་པ་མ་ཟད། མཚོ་བོད་ལམ་ཐིག་སྟེང་གི་དྲིལ་སྒྲོག་བྱ་བ་ལའང་འགན་ཁུར་གྱིན་ཡོད། མིག་སྔར་ས་ཚིགས་འགོ་འཛིན་གཅིག་དང་ས་ཚིགས་འགོ་འཛིན་གཞོན་པ་གཅིག དོ་དམ་སྲུང་སྐྱོབ་མི་སྣ་དགུ་བཅས་ཀྱིས་རི་སྐྱེས་སྲོག་ཆགས་དང་གཏེར་ཁ་སྔོག་འདོན། གད་སྙིགས་གཙང་སེལ། མི་སྣ་སྣེ་ལེན་སོགས་བྱ་བའི་ལས་གནས་མང་པོར་གཅིག་ལྕོགས་སུ་བདག་གཉེར་བྱེད་ཀྱིན་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཁོ་ཚོ་མི་དྲུག་ནས་བདུན་ཚོ་ཆུང་རེ་བྱས་ཏེ་རེས་མོས་ཀྱིས་སྲུང་སྐྱོབ་ས་ཚིགས་ནས་རི་ནང་དུ་སོང་སྟེ། རི་དྭགས་རྔོན་མཁན་དང་གཏེར་ཁ་བརྐོ་མཁན་སོགས་ཐལ་སྤྱོད་ཀྱི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས། རྒྱུན་ལྡན་ལྟར་ན་རེས་མོས་བྱེད་མཁན་གྱི་ཚོ་ཆུང་གཅིག་ཉིན་བཅོ་ལྔ་ནས་ཉི་ཤུའི་བར་རི་ནང་ནས་བསྡད་དེ་ཉེན་སྲུང་བྱེད་དགོས་ལ། གལ་ཏེ་ཁ་བ་ཆེན་པོ་བབས་པ་དང་འདབ་རྫབ་མང་པའི་དུས་ལ་ཟླ་ངོ་གཉིས་ལྷག་ལ་རི་ནང་ནས་ལུས་འགྲོ་བས་ལྟོ་རྒྱབ་སོགས་ཀྱི་ཐད་ལ་དཀའ་ངལ་ཆེན་པོ་འབྱུང་བཞིན་ཡོད། ཡིན་ནའང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན། གཏེར་ཁ་སོགས་ལ་སྲུང་སྐྱོབ་བྱ་ཆེད་མུ་མཐུད་ནས་བྱ་བའི་ལས་གནས་ལ་བརྩོན་རྒྱུ་ཡིན་ཟེར།
སྨུག་པ་ལ་སྲུང་སྐྱོབ་ས་ཚིགས་ནི1998ལོར་བཙུགས་ཤིང་། ཐོག་མའི་དུས་ལ་དམག་སྡེས་བསྐྱུར་བའི་ཁང་པ་ཉོས་ཏེ་གཞི་སྡོད་བྱས་ཤིང་། 2006ལོར་བསྐྱར་འཛུགས་བྱས། ཡིན་ཡང་གནམ་གཤིས་ཧ་ཅང་འཁྱགས་པའི་རྐྱེན་གྱིས་ཤིང་ལེབ་ཀྱི་ཁང་པ་བཀོལ་སྤྱོད་བྱ་ཐབས་མེད་པ་རེད། 2013ལོར་པེ་ཅིང་གྲོང་ཁྱེར་གྱིས་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་སྲུང་སྐྱོབ་ས་ཚིགས་ཀྱི་གཞི་རིམ་གྱི་ནུས་ཤུགས་ཇེ་མཐོར་གཏོང་བའི་ཁ་གཏད་རོགས་སྐྲུན་གྱི་ལས་གཞི་དང་མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གཞི་བརྒྱུད་ནས་སྲུང་སྐྱོབ་ས་ཚིགས་ཀྱི་གཞུང་ལས་ཁང་སོགས་གསར་དུ་བཙུགས། མིག་སྔར། ས་ཚིགས་འདིའི་བྱ་བ་དང་འཚོ་བའི་ཁོར་ཡུག་སོགས་ཀྱི་ཐད་སྔར་ལས་ལྷག་པའི་ལེགས་བཅོས་བྱེད་བཞིན་མཆིས།
སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས།
བརྙན་ཕབ་བྱེད་བཞིན་པ།
བཅར་འདྲི་བྱེད་བཞིན་པ།
བྱ་བའི་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།
རྐྱང་ཁྱུ།
བརྙན་ཕབ་བྱེད་ཀྱིན་པ།
བྱ་བའི་གོ་རིམ་བརྙན་ཕབ་བྱེད་ཀྱིན་པ།
མཁའ་དབྱིངས་ཀྱི་བརྙན་ཕབ་འཕྲུལ་ཆས་བེད་སྤྱོད་གཏོང་བཞིན་པ།
བྱ་བའི་ལས་གནས་ལ་འབད་པའི་འདྲ་པར།