མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་གིས་འཆར་འགོད་དང་ཕྱོགས་ཡོངས་ནས་མ་རྩ་ཕྱོགས་བསྡུས་བྱས་ཏེ། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་འབག་བཙོག་བཅོས་སྐྱོང་བྱེད་པའི་ཐད་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་ཆེད་ཁོར་སྲུང་གི་མ་དངུལ་འབོར་ཆེན་བཏང་ནས། ཕན་འབྲས་ལྡན་པའི་ངང་ཁུལ་ཁོངས་དཔལ་འབྱོར་སྤྱི་ཚོགས་དང་སྐྱེ་ཁམས་འཛུགས་སྐྲུན་འཆམ་མཐུན་སྒོས་རྒྱུན་མཐུད་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱས།
ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ནོར་སྲིད་ཀྱིས་གཙོ་ཤུགས་བཏོན་ནས། མ་དངུལ་གསོག་གྲབས་བྱས་ཤིང་། ཁོར་ཡུག་སྲུང་སྐྱོབ་ལས་དོན་གྱི་འགྲོ་གྲོན་དང་ལས་གཉེར་རིན་དོད་ཐད་མ་རྩ་གཏོང་ཤུགས་ཆེ་རུ་བཏང་། མཁའ་དབུགས་འབག་བཙོག་བཅོས་སྐྱོང་དང་ཁོར་སྲུང་ལས་གཞི་གཙོ་བོར་དགོས་མཁོ་འདོན་སྤྲོད་བྱས་ཤིང་། ཉིས་སྟོང་བཅུ་གསུམ་ནས་བཅུ་བདུན་བར་དུ་ཀྲུང་དབྱང་དང་ཞིང་ཆེན་རིམ་པ་ནས་ཁོར་སྲུང་ཆེད་སྤྱོད་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་བདུན་བྱེ་བ་གཅིག་དང་ས་ཡ་གཉིས་ལྷག་བརྩོན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་འབག་བཟོ་བཅོས་སྐྱོང་གི་ལྟེ་བའི་ལས་གཞི་སྟེ། ཞིང་ལས་དང་ནགས་ལས། ཆུ་བེད་སོགས་ཐད་གཏོང་སྤྲོད་བྱས་པའི་རྨང་གཞིའི་སྟེང་། ཁུལ་རང་ངོས་ནས་ཀྱང་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་བཞི་ལྷག་བཏང་ནས་ཁོར་སྲུང་གི་ལས་གཞིའི་གཏོང་སྤྲོད་ལ་ཤུགས་ཡོད་འདེགས་སྐྱོར་བྱས། དེའི་ཁྲོད་དུ་པོ་ཧྲུའུ་ཧྲན་གཏེར་རི་གནས་སྤོར་དང་སྐྱེ་ཁམས་སླར་གསོའི་བཅོས་སྐྱོང་ཐད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བཏང་ལ། རང་ཁུལ་གྱི་ཁེ་ལས་ལག་རྩལ་ཐཱན་ཉུང་ཅན་དུ་སྒྱུར་བའི་ཁ་གསབ་དངུལ་ལ་སྒོར་དུང་ཕྱུར་གཅིག་བཏང་། ཐེམ་ཆེན་རྫོང་མུ་རུ་གཏེར་ཁུལ་སྐྱེ་ཁམས་སླར་གསོའི་བཅོས་སྐྱོང་ཐད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་བཏང་།
ཚ་འདམ་གཞོང་དཔལ་འབྱོར་འཁོར་རྒྱུག་ཚོད་ལྟ་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད། རང་ཁུལ་གྱིས་ནོར་སྲིད་སྔོན་རྩིས་ནང་དུ་ནོར་སྲིད་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་བཏང་་ནས། ཐན་ཉུང་ལག་རྩལ་བཅོས་སྒྱུར་དང་ཕྱོགས་བསྡུས་ཐོན་ཁུངས་བེད་སྤྱོད། ནུས་ཁུངས་གསར་བའི་རྒྱུ་ཆ་ལས་སྣོན་སོགས་ལ་ཤུགས་བསྣན་ནས། ཐོན་སྐྱེད་གཙང་ཞིང་ཁོར་ཡུག་ལེགས་པའི་རྣམ་པ་བཟང་པོ་མངོན།
གཞན་ད་དུང་pppརྣམ་པ་ལག་བསྟར་བྱས་ལ། གད་སྙིགས་རིགས་བགར་བྱེད་པའི་ལས་གཞི་སྣ་མང་སྤེལ་ཞིང་། དེའི་ཁྲོད་དུ་ན་གོར་མོ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་བགར་དབྱེ་གཅོད་བྱེད་པའི་ལས་གཞི་དེར་རྒྱལ་ཁབ་རིམ་པའི་pppདཔེར་སྟོན་ལས་གཞིའི་མཚན་སྙན་ཐོབ།