མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་བཀོད་སྒྲིག་བྱས་ཏེ་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་རེ་རེའི་སྤྱི་སྤྱོད་གྲོན་དངུལ་མཐོར་འདེགས་ལ་རྒྱབ་སྐྱོར་བྱས།
2017.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ལོ་བཅོ་ལྔའི་རིན་མེད་སློབ་གསོ་འཐུས་ཚང་དུ་གཏོང་བ་དང་དམངས་ཚིས་བྱ་བ་བཅུ་ལག་བསྟར་དངོས་འབེབས་བྱེད་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་མར་བྱིན་ནས་མཚོ་སྔོན་ཞིང་ཆེན་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་རེ་རེའི་སྤྱི་སྤྱོད་གྲོན་དངུལ་ཚད་གཞི་ཇེ་མཐོར་གཏོང་བའི་ཐད་བཀོལ་སྤྱོད་བྱས།

མཚོ་སྔོན་ཞིང་ཆེན་གྱིས2017ལོའི་དཔྱིད་དུས་ནས་བཟུང་། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་རེ་རེའི་སྤྱི་སྤྱོད་གྲོན་དངུལ་གྱི་ཁ་གསབ་རོགས་དངུལ་སྒོར་ལྔ་བཅུ་ཡིས་ཇེ་མཐོར་བཏང་བ་དང་། འོས་འགན་སློབ་གསོའི་སློབ་གྲྭའི་སྤྱི་ཚོགས་ཀྱི་ལག་ལེན་དང་སློབ་ཕྱིའི་བྱ་འགུལ་གྱི་གྲོན་དངུལ་བསྡུ་བའི་རྣམ་གྲངས་མེད་པར་བཏང་བས། རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་ཚད་གཞི་ལས་སྒོར་བརྒྱ་དང་ལྔ་བཅུ་ཡིས་མཐོ་ལ། རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཡོད་ཅིང་། སློབ་མ་འབུམ་དྲུག་དང་ཁྲི་དྲུག་སྟོང་དྲུག་ལ་ཕན་ཁེ་བསྐྲུན་ནས་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭ་ཆུང་འབྲིང་གི་རྒྱུན་ལྡན་འཁོར་སྐྱོད་དང་སློབ་སྒྲུབ་ཆ་རྐྱེན་ལ་ཁག་ཐེག་བྱས།

གྲོན་དངུལ་དེ་སློབ་མའི་ཡིག་ཚགས་དང་མཉམ་དུ་ཁྱེར་ཆོག་པ་མངོན་འགྱུར་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་གི་སྤྱི་སྤྱོད་གྲོན་དངུལ་བཀོལ་སྤྱོད་བྱེད་པར་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་རྒྱུན་མཐུད་རྗེས་སྙེག་བྱས་ཏེ། ས་གནས་སོ་སོའི་ནོར་སྲིད་དང་སློབ་གསོ་སྡེ་ཁག་གིས་སློབ་མའི་ཡིག་ཚགས་དོ་དམ་དང་ཆ་འཕྲིན་བསྡོམས་རྩིས་བྱ་བ་ལེགས་པོར་བསྒྲུབ་པར་སྐུལ་འདེད་བྱས་ནས་འགུལ་རྣམ་དོ་དམ་ལག་བསྟར་བྱས། སློབ་གྲྭའི་སྤྱི་སྤྱོད་གྲོན་དངུལ་གྱི་འགྲོ་ཁུངས་གསལ་བོ་བྱས་ཏེ་འགྲོ་སོང་ཚོད་འཛིན་ལ་དོ་དམ་ནན་མོ་བྱས་ཏེ། རྫུན་བཀོལ་རྫུན་གཏོང་དང་རྫུན་ཞུ་རྫུན་ལེན། བཙན་འཛིན་གཞན་སྤྱོད་བྱེད་མི་ཆོག དེ་དང་མཉམ་དུ། གྲོན་དངུལ་བསྡུ་བའི་རྣམ་གྲངས་དང་ཚད་གཞིའི་སྤྱི་བསྒྲགས་བྱ་བ་ལེགས་པོར་བསྒྲུབ་ནས་གང་འདོད་དུ་དངུལ་བསྡུ་བའི་སྣང་ཚུལ་གཏན་འགོག་བྱེད་དགོས།