མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལས་བཟོ་པའི་སྨན་བཅོས་རོགས་རེས་ཀྱི་ཁག་ཐེག་འཆར་གཞི་དང་ནད་ལྕི་མོའི་རིགས་ཀྱི་ལས་བཟོ་བའི་སྨན་བཅོས་རོགས་སྐྱོབ་ལག་བསྟར་བྱས།
2017.08.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ན་ནིང་གི་ཚུན་ལ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལས་བཟོ་པའི་སྨན་བཅོས་རོགས་རེས་ཀྱི་ཁག་ཐེག་འཆར་གཞི་དང་ནད་ལྕི་མོའི་རིགས་ཀྱི་ལས་བཟོ་པའི་སྨན་བཅོས་རོགས་སྐྱོབ་བྱ་བ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཨུ་དང་སྲིད་གཞུང་ལ་རོགས་རམ་བྱས་ཏེ་ཧུར་ཐག་གིས་ལས་བཟོ་མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་ནད་བྱུང་བར་བརྟེན་ནས་དབུལ་བོར་འགྱུར་བ་སོགས་གནད་དོན་ཐག་གཅོད་བྱས་ནས་གྲུབ་འབྲས་ངེས་ཅན་བླངས།

སྡོམ་རྩིས་བྱས་པ་ལྟར་ན། ན་ནིང་གི་ཚུན་ལ་མཚོ་སྔོན་ཞིང་ཆེན་ཡོངས་སུ་ལས་བཟོ་པའི་སྨན་བཅོས་རོགས་རེས་ཀྱི་ཁག་ཐེག་འཆར་གཞིའི་ཐེངས་དང་པོའི་བྱེད་སྒོའི་ཁྲོད་བསྡོམས་པས་ལས་བཟོ་པ་སྟོང་ལྔ་དང་བཞི་བརྒྱ་རེ་དགུ་ལ་འགྲོ་སོང་སྒོར་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཅིག་དང་སྟོང་དགུ་དགུ་བརྒྱ་རྩིས་ཞུ་བྱས་པ་དང་། མི་རེར་ཆ་སྙོམས་ཀྱིས་སྒོར་དགུ་བརྒྱ་ང་བཞི་རྩིས་ཞུ་བྱས། དེའི་ནང་། རྩིས་ཞུ་བྱས་པ་ཆེས་མཐོ་བ་སྒོར་འབུམ་གཅིག་དང་ཁྲི་ལྔ་སྟོང་དྲུག་བརྒྱ་ཐམ་པར་སླེབས་པ་དང་། མི་ཞེ་དྲུག་ལ་སྨན་རིན་སྒོར་ཁྲི་གཅིག་ནས་ཁྲི་བཅུའི་བར་རྩིས་ཞུ་བྱས་པས། ནུས་ཡོད་སྒོས་ལས་བཟོ་པ་དང་ལྷག་པར་དུ་ནད་ལྕི་བའི་ལས་བཟོ་པའི་སྨན་རིན་གནད་དོན་ཐག་གཅོད་བྱས། དེ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་ནད་ལྕི་བའི་སྨན་བཅོས་ཉེན་ཚབ། སྲིད་གཞུང་གི་སྨན་བཅོས་རོགས་སྐྱོབ། ཁེ་ལས་ཀྱི་ཁ་གསབ་སྨན་བཅོས་ཉེན་ཚབ། ལས་བཟོ་པའི་སྨན་བཅོས་རོགས་རེས་ཁ་གསབ་རོགས་དངུལ་སོགས་རྩིས་ཞུ་དང་རོགས་སྐྱོབ། ཁ་གསབ་རོགས་དངུལ་སྲིད་ཇུས་ལོངས་སྤྱོད་བྱས་རྗེས། རང་ཉིད་ཀྱིས་སྟེར་དགོས་པའི་སྨན་རིན་སྒོར་ཁྲི་ལྔ་ལས་བརྒལ་བའི་ལས་བཟོ་པར་རང་ཉིད་ཀྱིས་སྟེར་དགོས་པའི་སྨན་རིན་གྱི་བརྒྱ་ཆའི་སུམ་ཅུ་ནས་བརྒྱ་ཆའི་བཞི་བཅུའི་སྨན་བཅོས་རོགས་དངུལ་བྱིན་པ་དང་། ན་ནིང་གི་ཚུན་ལ་བསྡོམས་པས་ལས་བཟོ་པ་སོ་ལྔར་སྨན་བཅོས་རོགས་དངུལ་སྒོར་ས་ཡ་གཅིག་དང་ཁྲི་གཅིག་བརྒྱ་ཐམ་པ་བྱིན་ནས་ལས་བཟོ་པ་ལ་ཏང་དང་སྲིད་གཞུང་། བཟོ་ཚོང་རྩ་འཛུགས་ཀྱི་ཐུགས་ཁུར་དང་བརྩེ་བ་ཚོར་དུ་བཅུག