གསར་འགོད་པས་ཉེ་ལམ་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ཟླ་བདུན་པའི་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་ཁང་རྙིང་ཁུལ་གྱི་ཁང་རྙིང་ཁྲི་གསུམ་དང་དྲུག་བརྒྱ་ཉེར་གཅིག་བསྒྱུར་བཀོད་བྱས་པ་དང་། དེས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་བརྒྱ་ཆའི་ལྔ་ལྷག་ཟིན།
ངོ་སྤྲོད་ལྟར་ན། ཁང་རྙིང་བསྒྱུར་བཀོད་བྱེད་པའི་བྱ་བ་མགྱོགས་མྱུར་སྒོས་སྤེལ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ས་ཆ་སོ་སོས་ལས་འགོ་རྩོམ་མ་ཐུབ་པའི་ལས་གཞིའི་གསལ་ཁྲ་ལས་པ་དང་། རྒྱུ་རྐྱེན་འཚོལ་བ། ཕན་ཡོད་བྱེད་ཐབས་སྤྱད་དེ། ཟླ་བཅུ་བའི་ཟླ་མཇུག་གི་སྔོན་དུ་ཁང་རྙིང་བསྒྱུར་བཀོད་ཀྱི་ལས་གཞི་ཡོངས་རྫོགས་ལས་མགོ་རྩོམ་ཐུབ་པར་ཁག་ཐེག་བྱེད་རྒྱུ་ཡིན་པ་དང་། ལས་མགོ་བརྩམས་པ་དང་བསྟུད་འཛུགས་ལས་གཞིའི་ཐད་ནས། གཏན་ཁེལ་བྱས་པའི་དུས་ཚོད་ནང་འཛུགས་སྐྲུན་བྱེད་པ་དང་། འཛུགས་སྐྲུན་ཐད་ཤུགས་བསྣན་ནས། སྔ་མོ་ནས་ཡོངས་འགྲུབ་བྱེད་པ་དང་ནང་དུ་སྡོད་ཐུབ་པར་བྱེད་རྒྱུ་རེད། བཟོ་སྐྲུན་འཛུགས་སྐྲུན་གྱི་འགྲོ་ལུགས་ཆ་མི་ཚང་བའི་ལས་གཞི་ཐད་ནས། སྲིད་འཛིན་མཆན་འགོད་ཐད་ནས་སྟབས་བདེ་བསྐྲུན་པ་དང་། མཆན་འགོད་རྒྱུད་རིམ་ཇེ་ཉུང་དུ་གཏོང་བ། ཞབས་ཞུའི་རྣམ་པ་ལེགས་བསྒྱུར་བྱེད་པ། བྱ་བའི་ལས་ཆོད་མཐོར་འདེགས་བྱེད་པ་དང་།འབྲེལ་ཡོད་གཏན་ཁེལ་དང་མཐུན་པའི་ལས་གཞི་ཐད་ནས་ལས་གཞི་ལག་བསྟར་སྔོན་གྱི་གྲ་སྒྲིག་བཟང་བོ་བྱེད་པ་དང་། འཆར་འགོད་བྱེད་པ་དང་། ས་ཞིང་བཀོལ་སྤྱོད་བྱེད་པ། འཛུགས་སྐྲུན་གྱི་ཆོག་མཆན་འགོད་པ་སོགས་ཀྱི་མཆན་འགོད་འགྲོ་ལུགས་དུས་བཀག་ལྟར་བསྒྲུབས་ཚར་བར་བྱས།