རྒྱལ་ཡོངས་གསར་འགྱུར་ལས་ཁུངས་ལྔ་བཅུ་ལྷག་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱོད་པའི་བཅར་འདྲིའི་བྱ་འགུལ་སྤེལ་མགོ་རྩོམ་པའི་མཛད་སྒོ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ནས་བསྡུས།
2017.08.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 3

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་གཙང་་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ཀོང་ཀྲིག་ཁྲོན་ཆི་རླངས་འཁོར་བཟོ་གྲྭ་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཁང་གིས་སྒྲུབ་འགན་ཁུར་ལ། ཞིན་ཧྭ་གསར་འགྱུར་ཁང་དང་་འོད་ཟེར་ཚགས་པར་ཁང་སོགས་རྒྱལ་ཡོངས་ཀྱི་གསར་འགྱུར་ལས་ཁུངས་ལྔ་བཅུ་ལྷག་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱོད་པའི་བཅར་འདྲིའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡོན་གྲོང་རྡལ་ནས་བསྡུས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། ནུབ་མཚོ་གྲོང་ཁྱེར་ཚགས་པར་ཁང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་པས་རྒྱལ་ཡོངས་གསར་འགོད་པར་སྤྱིའི་ཆ་ནས་མཛེས་སྡུག་གི་མཚོ་སྔོན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

ལོ་གཅིག་གི་་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བརྟན་པོའི་འོག་ཏུ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་བྱེད་སྐབས་བཏོན་པའི་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་ནན་མོ་ལྟར་བློ་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་མཉམ་འདོན། བློ་གྲོས་གཅིག་བསྡུས་ཀྱིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་པའི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབས་པས། རྒྱབ་ཁབ་སྤྱི་གླིང་གི་ཐོག་མའི་སྣང་བརྙན་ལེགས་པོ་འགྲུབ་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཐོག་མར་བྱུང་།

ཐེངས་འདིར་རྒྱལ་ཡོངས་ཀྱི་གསར་འགྱུར་ལས་ཁུངས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱོད་པ་ནི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བཏོན་པའི་བྱེད་ཐབས་སྣ་ཚོགས་དང་རྣམ་པ་མི་འདྲ་བའི་སྒོ་ནས་གཙང་གསུམ་འབྱུང་ཡུལ་ལ་ལྟ་བའི་འདུ་ཤེས་ལག་བསྟར་བྱེད་ཐབས་གལ་ཆེན་གྲས་ཀྱི་གཅིག་ཡིན། དེའི་དམིགས་ཡུལ་ནི་ཐེངས་འདིའི་བྱ་འགུལ་བརྒྱུད་གོམ་གང་མདུན་སྤོས་སྒོས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཤུགས་རྐྱེན་བཟང་བོ་རྒྱལ་ཡོངས་དང་ཡང་ན་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་བཏང་སྟེ། རྒྱལ་ཡོངས་མི་དམངས་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་མཛེས་སྡུག་ལ་རོལ་མྱོང་བྱེད་ཐུབ་པར་མ་ཟད་མི་དང་རང་བྱུང་ཁམས་འཆམ་མཐུན་གྱི་སྣང་བརྙན་ལེགས་པོ་ཞིག་གསར་བཞེངས་བྱེད་རྒྱུ་དང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ལ་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་ཏེ་དྭངས་གཙང་ཆབ་རྒྱུན་ལྷུང་ལྷུང་ཤར་དུ་འབབ་པར་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ནས། མི་དམངས་ཀྱིས་རང་རྟོགས་སྒོས་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་ཧུར་ཐག་སྒོས་ཟབ་ཞུགས་བྱེད་པའི་རྣམ་པ་ལེགས་པོ་སྐྲུན་རྒྱུ་དེ་རེད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་གླིང་གཅིག་དང་ཁུལ་གསུམ་གྱིས་གྲུབ་པ་སྟེ། གླིང་གཅིག་པོ་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། ཁུལ་གསུམ་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུལ་ཡིན། གསར་འགྱུར་ལས་ཁུངས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་སྐྱོད་པའི་བཅར་འདྲིའི་ཚན་ཆུང་རྨ་སྟོད་དང་། ཡུས་ཧྲུའུ། རྫ྄་སྟོད། འབྲི་སྟོད། ཆུ་དམར་ལེབ། ཨ་ཆེན་གངས་རྒྱབ་བཅས་བརྒྱུད་མཇུག་མཐར་ན་གོར་མོར་འགྲོ་རྒྱུ་རེད། དུས་ཡུན་ཉིན་བཅུའི་བཅར་འདྲི་བརྒྱུད་ནས་གསར་འགོད་པས་མཛེས་སྡུག་དང་ལྗང་མདོག་གི་གཙང་གསུམ་འབྱུང་ཡུལ་གྱི་རྣམ་པ་རྒྱལ་ཡོངས་མི་དམངས་སྒྲོག་རྒྱུ་རེད། 

ཡིག་སྒྱུར་བ། དངོས་སྦྱོང་སློབ་མ་ཀུན་བཟང་སྒྲོལ་མ།