ཉེ་ཆར། དབུལ་སྐྱོར་བདེ་ཐང་གི་འགུལ་སྐྱོད་ཅེས་པའི་མཚོ་སྔོན་གྱི་ལས་གཞི་དེ་མཚོ་སྔོན་སློབ་ཆེན་གྱི་ཡན་ལག་སློབ་གྲྭ་ནས་ལས་མགོ་ཚུགས། འདི་ནི་ཀྲུང་གོའི་དབུལ་སྐྱོར་ཕན་བདེ་ཐེབས་རྩ་ཚོགས་པས་མཚོ་སྔོན་ཞིང་ཆེན་དང་མཉམ་འབྲེལ་སྒོས་སྒྲུབ་པའི་བདེ་ཐང་དབུལ་སྐྱོར་གྱི་ལས་གཞི་ཡིན་ལ། དེའི་དམིགས་ཡུལ་ནི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེས་བྱས་ནས་ཆེད་ལས་སྨན་བཅོས་ལག་རྩལ་དང་མ་དངུལ་གྱི་རྒྱབ་སྐྱོར་དང་གཞོག་འདེགས་བརྒྱུད་དེ་རྒྱ་ཆེའི་ནད་པ་དབུལ་པོ་རྣམས་ནད་ལས་ཐར་བར་རོགས་སྐྱོར་ཅི་ནུས་བྱེད་རྒྱུ་དེ་རེད།
མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་སོགས་རྒྱལ་ཁབ་རིམ་པའི་ལས་ཁུངས་ཀྱི་རྒྱབ་སྐྱོར་བླ་མེད་འོག་ཏུ་དུས་དང་རྣམ་པ་ཀུན་ཏུ་དབུལ་སྐྱོར་ས་ཁུལ་གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཝ་བྱ་བ་བཅོས་བསྒྱུར་དང་འཕེལ་རྒྱས་སུ་གཏོང་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་སྨན་རིན་མཐོ་བ་དང་སྨན་པར་སྟོན་དཀའ་བའི་གནད་དོན་དང་གནད་ཕིགས་དབུལ་སྐྱོར་དབུལ་ཐར་གྱི་བྱ་བ་གནད་དུ་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་པར་མ་ཟད་བདེ་ཐང་དབུལ་སྐྱོར་སྐོར་གསུམ་ཅན་གྱི་འགུལ་སྐྱོད་སྤེལ་ཏེ། རྒྱབ་ཁབ་ཀྱིས་གཏན་ལ་ཕབ་པའི་གཅིག་བསྡུས་ཀྱི་ནད་རིགས་དགུ་སེལ་བ་དེ་ནད་རིགས་བཅུ་བཞི་སེལ་བར་བསྒྱུར་བ་དང་འགྲོ་སོང་རྩིས་ཞུ་བྱེད་ཚད་དང་རིགས་གཞན་གྱི་ནད་བཅོས་ཚད་ཀྱང་ཇེ་མཐོར་སོང་ཡོད།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ། ཀུན་བཟང་སྒྲོལ་མ།