མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་བཅུ་བདུན་ལོའི་སྐོར་གཉིས་པའི་མཁར་གྲོང་གི་སྨན་བཅོས་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བཞི་འབུམ་བདུན་ཁྲི་དྲུག་མར་བྱིན།
2017.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་ཆ་སོ་སོས་ཁྱོན་ཡོངས་ནས་སྨན་བཅོས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་ནུས་ཡོད་སྒོས་མཁར་གྲོང་གི་དབུལ་ཕོངས་མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་སྐོར་གཉིས་པའི་མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བཞི་འབུམ་བདུན་ཁྲི་དྲུག་བྱིན།

ད་ལོར། ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་རོགས་སྐྱོར་ཐད་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་བཞི་འབུམ་བདུན་ཁྲི་དྲུག་བྱིན་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་ལྔས་ཇེ་མཐོར་སོང་ཡོད། དེའི་ཁྲོད་སྐོར་དང་པོའི་སྨན་བཅོས་རོགས་སྐྱོར་གྱི་ཞིང་ཆེན་རིམ་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་བྱིན་པ་དང་། མ་དངུལ་དེ་དག་ད་ལོའི་ཟླ་གཉིས་པའི་ནང་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོར་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གྱིས་ས་ཆ་སོ་སོའི་དམངས་སྲིད་དང་ནོར་སྲིད་སྡེ་ཁག་གིས་འབྲེལ་ཡོད་གཏན་ཁེལ་ལྟར་མ་དངུལ་དོན་འཁྱོལ་བྱེད་དགོས་པ་དང་དུས་ཐོག་ཏུ་མ་དངུལ་བགོ་བཤའ་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ། ཟླ་གཅིག་གི་རིང་མ་དངུལ་དེ་དག་རྫོང་རིམ་པའི་ནོར་སྲིད་སྡེ་ཁག་ཏུ་སྟེར་དགོས། དེ་དང་མཉམ་དུ། གཟབ་ནན་གྱིས་སྨན་བཅོས་རོགས་སྐྱོར་དངུལ་རྩའི་དོ་དམ་བྱེད་ཐབས་ལག་བསྟར་བྱེད་པ་དང་གཏན་ཁེལ་ལྟར་ས་གནས་མ་དངུལ་དོན་འཁྱོལ་བྱེད་པ། སྲིད་ཇུས་གསོ་སྦྱོང་དང་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་བཏང་ནས་སྨན་བཅོས་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།