ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པའི་བྱ་བ་མགོ་བརྩམ།
2017.08.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་དང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་དབང་བོ་སྐྱོན་ཅན་བཅའ་ཁྲིམས་ཞབས་ཞུ་ཚོགས་པ་བཅས་ཀྱིས་ཚེས་ཉེར་གཉིས་ཉིན་ཞིན་ཉིན་ཐང་ཆེན་ནས་བཅའ་ཁྲིམས་ཞབས་ཞུའི་བྱ་འགུལ་ཏེ་དབང་བོ་སྐྱོན་ཅན་ལ་དོ་སྣང་བྱེད་པ་ཞེས་པ་བརྗོད་གཞི་ཡིན་པའི་དབང་བོ་སྐྱོན་ཅན་གྱི་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པའི་བྱ་བ་སྤེལ་མགོ་རྩོམ་པའི་མཛད་སྒོ་བསྡུས།

མཛད་སྒོའི་སྟེང་ཞིང་ཆེན་ཁྲིམས་འཛིན་ཐིན་དང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་དབང་བོ་སྐྱོན་ཅན་ཞབས་ཞུ་ཚོགས་པ་བཅས་ཀྱིས་དབང་བོ་སྐྱོན་ཅན་བཅུ་ལ་རྐུབ་སྟེགས་འཁོར་ལོ་བྱིན། ཟི་ལིང་གི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱས། ཞིང་ཆེན་དང་གྲོང་ཁྱེར་གྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཁྲིམས་འཛིན་དང་སྲིད་འཛིན་སྡེ་ཁག ཁྲིམས་འཛིན་པ། སྤྱི་དཔང་དང་བཅའ་ཁྲིམས་རོགས་སྐྱོར་སྡེ་ཁག་བཅས་ཀྱིས་དྲིལ་སྒྲོག་ཞབས་ཞུའི་ལྟེ་གནས་འཛུགས་པ་དང་། འགྲེམ་བྱང་འགྲེམ་པ། སྦྱར་ཡིག་སྦྱོར་བ། ཁྲིམས་སྐྱོང་དྲིལ་སྒྲོག་གི་རྒྱུ་ཆ་སྟེར་བ་བཅས་ཀྱི་བྱེད་ཐབས་སྤྱད་དེ། རྒྱ་ཆེ་བའི་དབང་བོ་སྐྱོན་ཅན་དང་མི་དམངས་མང་ཚོགས་ལ་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པ་དང་། དྲི་བར་ལན་འདེབས་པ་སོགས་བྱས་པ་དང་། འབྲེལ་ཡོད་ཀྱི་དབང་བོ་སྐྱོན་ཅན་གྱི་གྱོད་གཞི་དང་ལེན་སོགས་བྱས་ཏེ། དབང་བོ་སྐྱོན་ཅན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།

ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ནི་ཟླ་གཅིག་དང་ཕྱེད་ཀའི་རིང་ལ་སྤེལ་རྒྱུ་ཡིན་པ་དང་། བྱ་འགུལ་སྤེལ་བའི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་གཞི་རྒྱ་ཆེ་བའི་སྒོ་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྣ་མང་ཕུན་སུམ་ཚོགས་པའི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་རྒྱུ་རེད། 

ཡིག་སྒྱུར་བ།  དངོས་སྦྱོང་སློབ་མ།   ཀུན་བཟང་སྒྲོལ་མ།