མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐོར་ཐེངས་གཉིས་པའི་དབུལ་སྐྱོབ་ཁྱབ་ཁོངས་ཀྱི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ།
2017.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ས་ཁུལ་སོ་སོས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏན་ཏིག་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱ་བ་ལེགས་པོར་སྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་བཀོད་སྒྲིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིན་དང་ཞིང་ཆེན་རྒྱལ་ཁྲལ་ཅུའུ་དང་མཉམ་འབྲེལ་སྒོས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དང་ཉམ་ཞན་སར་དམིགས་ནས་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་དབུལ་སྐྱོར་ཁྱབ་ཁོངས་དང་སྤྱོད་ཚུལ་ལེགས་སྐྱོང་གི་ཕྱོགས་བསྡུས་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ།

སྐོར་ཐེངས་གཉིས་པའི་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ལ་བསྡོམས་པས་ཞིབ་བཤེར་ཚན་ཆུང་བཞི་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྒྲིག་བཤེར་ཚན་གཙོ་དང་ཏང་སྲོལ་སྲིད་གཙང་ལྟ་སྐུལ་ཁང་གི་འགན་ཁུར་གཙོ་བོས་སྣེ་ཁྲིད་དེ་ཉེ་ལམ་གྲོང་ཁྱེར་དང་ཁུལ་བརྒྱད་དུ་ཁྱོན་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་ཞིང་། གཙོ་བོ་ཕྱོགས་གཉིས་ཀྱི་གནད་དོན་ལ་ཞིབ་བཤེར་བྱས་པ་སྟེ། གཅིག་ནི་དབུལ་སྐྱོར་དང་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་འགན་འཁྲི་རྩད་གཅོད་བྱེད་པའི་ཕྱོགས་ཡིན་ལ། གཙོ་བོར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་གནས་ཚུལ་དངོས་འབེབས་བྱས་པར་ཞིབ་བཤེར་དང་། གཞུང་སྒྲུབ་ཁང་ནས་སྒོར་བུད་དེ་གཞི་རིམ་ལ་སོང་མ་སོང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་རྣམ་པས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ལ་ལྟ་སྟངས་བཟུང་ཡོད་མེད། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་པའི་གནས་ཚུལ་དང་། དབུལ་སྐྱོར་གྱི་རྩ་བ་དང་སྐྱེ་ཁམས་ཁོར་སྲུང་སོགས་ཁྱབ་ཁོངས་ཀྱི་གནད་དོན་ཁུངས་སྣེ་དང་རྩིས་ཁྲ་འཛུགས་པ་སོགས་ལ་གྲལ་བཤེར་བྱས་ཡོད་མེད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐུལ་སྒྲུབ་དང་མངག་བཀོད་བྱས་པའི་གནད་དོན་ཁུངས་སྣེ་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད་མེད། འགན་ཁུར་མི་ཕོད་པ་ཡོད་མེད་དང་མཐོང་འོས་པའི་གནད་དོན་མ་མཐོང་བ། འགན་འཁྲི་རྩད་གཅོད་བྱེད་འོས་པ་རྩད་གཅོད་མ་བྱས་པ་སོགས་ཀྱི་གནད་དོན་ཡོད་མེད་བཅས་རེད། གཉིས་ནི་སྤྱོད་ཚུལ་ལེགས་སྐྱོང་ཀྱི་ཕྱོགས་ཡིན་ལ། 2017ལོའི་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་ལེགས་སྐྱོང་ལྟ་སྐུལ་ཞིབ་བཤེར་བྱ་བར་གཞིགས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་རྩིས་ཁྲའི་དཔྱད་ཡིག་ལ་ཀློག་བཤེར་བྱས་ཏེ་སྐབས་བསྟུན་དུ་མང་ཚོགས་ལ་བཅར་འདྲི་བྱེད་པ་དང་ནོར་དོན་འཛིན་ཤོག་ལ་ཀློག་བཤེར་བྱེད་པའི་རྣམ་པས་ས་ཁུལ་སོ་སོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་ལས་བྱེད་པའི་སྤྱོད་ཚུལ་ལེགས་སྐྱོང་སོགས་གནས་ཚུལ་ལ་ཐད་ཞིབ་བྱེད་པ་རེད།