མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་རོང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་མ་ལག་ཁྲོད་འཇོག་རྒྱུ་རེད།
2017.08.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུན་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་རོང་འབྲོག་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་མ་ལག་ཁྲོད་འཇོག་རྒྱུ་ཡིན་པ་དང་། རེ་བ་ལྟར་གསོ་སྦྱོང་མི་སྤེལ་བ་དག་ལ་གྲུབ་འབྲས་དཔྱད་ཞིབ་ཁྲོད་སྐར་མ་འཐེན་པ་མ་ཟད་བཀའ་རྒྱ་བཏང་ནས་དག་ཐེར་བྱེད་རྒྱུ་རེད།

ས་ཁུལ་སོ་སོས་རོང་འབྲོག་དམངས་དང་རིགས་གཞན་པའི་མི་སྣའི་རྩལ་ནུས་གསོ་སྦྱོང་སྤེལ་བའི་གོ་རིམ་ཁྲོད། དུས་མཉམ་དུ་སྐྱེ་ཁམས་ཁོར་ཡུག་ཞིང་ཆེན་གྱི་གནས་ཚུལ་དང་ལྗང་མདོག་གི་རིན་ཐང་ལྟ་བའི་སློབ་གསོ་སྤེལ་བ་དང་། ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་གཙོ་བོར་བཞག་སྟེ། སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་རྩལ་ནུས་གསོ་སྦྱོང་གི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཁྲོད་འཇོག་པ་དང་། བྱེ་བྲག་གི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་འདྲེས་པར་བྱེད་དགོས།

དེ་ལས་གཞན། ས་ཁུལ་སོ་སོས་གསོ་སྦྱོང་ལས་ཁུངས་ཀྱིས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་གསོ་སྦྱོང་སློབ་ཁྲིད་ཁྲོད་ལོ་འཁོར་དཔྱད་ཞིབ་ཀྱི་གལ་ཆེའི་དམིགས་ཚད་དུ་བཞག་ཡོད་མེད་དང་། རེ་བ་ལྟར་གསོ་སྦྱོང་སྤེལ་མེད་པ་དག་ལ་གྲུབ་འབྲས་དཔྱད་ཞིབ་ཁྲོད་སྐར་མ་འཐེན་པ་མ་ཟད་བཀའ་རྒྱ་བཏང་ནས་དག་ཐེར་བྱེད་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལོ་འཁོར་གྲུབ་འབྲས་དཔྱད་ཞིབ་ལ་ཟུང་འབྲེལ་བྱས་ནས་ས་ཁུལ་སོ་སོས་སྐྱེ་ཁམས་དཔལ་ཡོན་སློབ་གསོ་དེ་རོང་འབྲོག་དམངས་ཀྱི་རྩལ་ནུས་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་ཁྲོད་བཞག་པའི་བྱ་བའི་གནས་ཚུལ་ཐད་ནས་ཞིབ་བཤེར་བྱེད་པ་དང་། དངོས་འབེབས་ཡག་པོ་བྱས་མེད་པའི་ས་ཁུལ་ལ་ལོ་འཁོར་གྲུབ་འབྲས་དཔྱད་ཞིབ་བརྡ་ཁྱབ་ཁྲོད་སྐྱོན་བརྗོད་བྱེད་པ་མ་ཟད་སྐར་མ་འཐེན་རྒྱུ་རེད།