ཟླ་བརྒྱད་པའི་ཚེས་ཉེར་གཉིས་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་དབྱིན་ཐེན་གྲོང་རྡལ་ཆུ་རྐ་བཅོས་སྐྱོང་བཟོ་སྐྲུན་དུས་ལྟར་ལས་མགོ་བརྩམས་པ་དང་། དེ་ལས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱི་གནད་ཕིགས་དབུལ་སྐྱོར་གྱི་ལས་གཞི་གསར་བ་ཞིག་གི་མགོ་ཚུགས་པ་མཚོན་ལ། ཆུ་རྐ་དེའི་རིང་ཚད་ལ་སྤྱི་ལེ་བཞི་དང་གྲངས་ཆུང་བདུན་ཡོད་ལ་སྤྱིའི་མ་དངུལ་སྒོར་ཕྱེ་བ་གཅིག་དང་ས་ཡ་བདུན་འབུམ་བཞི་ཁྲི་གཅིག་བཏང་། བཟོ་སྐྲུན་ལས་མགོ་ཚུགས་པ་དེས་ཆུ་ལོག་གི་གནོད་སྐྱོན་འགོག་ཐོབ་པར་མ་ཟད། ཕྱོགས་གཉིས་གྱི་མི་དམངས་ཀྱི་ཚེ་སྲོག་ལ་སྲུང་སྐྱོབ་དང་ཆུ་འགྲམ་གྱི་སྔོ་ཁེབས་ཞིང་ས་ལ་སྲུང་སྒྱོབ་བྱས་ཏེ་ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གང་ལེགས་བྱེད་ཐུབ།
ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཏ་གུག་སྡེ་བར་བྱ་བའི་རུ་ཁག་མངགས་ནས་ལས་འགན་སྒྲུབ་སྐབས། ཏ་གུག་གཙང་བོའི་ཆུ་རྒྱས་སྐབས་ཆུ་ལོག་བྱུང་སྟེ་མི་དམངས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་ཚུལ་དུས་ཐོག་ཏུ་མགོ་ཁྲིད་རིམ་པའི་ལས་ཁུངས་ལ་སྙན་ཞུ་བཏོན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་འགན་ཁུར་མི་སྣའི་ཐེངས་མང་པོར་བྱ་བའི་རུ་ཁག་ཁྲིད་དེ་ཡུལ་ལ་དངོས་བརྟག་དཔྱད་་དང་ཕྱོགས་ཡོངས་ཀྱི་རྒྱབ་སྐྱོར་གང་ནུས་བྱས། ཐེངས་འདིའི་ལས་གཞི་ལ་ཞིང་ཆེན་ཨུ་ཡོན་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་དང་གཙིགས་ཆེན་བྱེད་བཞིན་ཡོད། མཚོ་བྱང་ཁུལ་གྱིས་ནན་ཏན་སྒོས་མ་དངུལ་འཚོལ་བསྡུ་བྱས་ཏེ་རྣམས་གྲངས་ལག་འགྲུབ་ཡོངས་བར་རྨང་གཞི་ཟབ་མོ་བཏང་།
ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཡིན་ཐེན་ཞིང་ཏ་གུག་སྡེ་བའི་ཆུ་རྐ་བཟོ་བཅོས་བྱ་བར་རོགས་སྐྱོར་བྱས་པ་ནས་ད་བར་དུ། རྣམས་གྲངས་ཀྱི་རྒྱབ་སྐྱོར་བྱེད་པ། ལས་གནས་གསར་བསྐྲུན་དང་ལག་རྩལ་འདོན་པ། དངོས་འབབ་དང་བསྟུན་ནས་ཕྱི་ནང་མཉམ་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ་རྣམས་གྲངས་ཀྱི་མ་དངུལ་ས་ཡ་གཅིག་དང་འབུམ་དགུ་སྙོམས་སྒྲིག་བྱས། སྔ་གཞུག་ཏུ་མཛེས་སྡུག་གི་མཐོ་སྒང་དང་གཞུང་ལམ་ཆེན་མོ། བྱིས་གཉོར་ཁང་སོགས་རྣམས་གྲངས་འཛུགས་བསྐྲུན་བྱས། ས་དེ་གའི་སྡེ་བར་གནམ་ས་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་་བ་དང་། སྡེ་བའི་མི་རྣམས་ཀྱི་འཚོ་བར་ཡང་འགྱུུར་ལྡོག་ཆེན་པོ་བྱུང་སྟེ། འཕྲུལ་འཁོར་སྣ་ཚོགས་བསྐོར་པའི་ལག་རྩལ་གསབ་སྦྱོང་འཛིན་གྲྭ་བསྡུས་པ་དེའི་སྡེ་བའི་མི་རྣམས་ཀྱི་ལས་ཞུགས་ནུས་པ་སྐྱེད་སྲིང་དང་། བསྟུད་མར་ལོ་གཉིས་ཀྱི་རིང་ལ་ལམ་ལུགས་གསར་བ་དང་ལས་གནས་འདོན་སྤྲོད་གང་ནུས་བྱས།
ཕྱོགས་བསྡུས་ཀྱི་གནས་ཚུལ་དེ་དག་གིས་སྡེ་བའི་ལས་ཞུགས་ཀྱི་ཚད་ཇེ་མཐོར་བཏང་།
གོམ་རིམ་རྗེས་མར་ ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ནན་ཏན་སྒོས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་གྲོས་གཞི་དང་བྱ་བའི་ལྟ་སྦྱོང་སྐུལ་སྤེལ་མཐོར་འདེགས་བྱས་ཏེ། དབུལ་སྐྱོར་ཀྱི་བྱ་བ་ནན་ཏུ་བཟུང་སྟེ་་ཁྱིམ་ཚང་རེ་རེའི་དབུལ་སྐྱོར་གྱི་གྲས་སུ་ཚུལ་དགོས་བ་དང་། དུས་ཐོག་ཏུ་དབུལ་ཐར་གྱི་བྱ་བར་མངོན་འགྱུུར་གང་ལེགས་བྱེད་དགོས་པ་བསྟན།
ཡིག་སྒྱུར་བ། དངོས་སྦྱོང་སློབ་མ། ཀུན་བཟང་སྒྲོལ་མ།