རྒྱལ་ཡོངས་ཀྱི་དམངས་སྲིད་ཁྲིམས་ལུགས་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས།
2017.08.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

8པའི་ཚེས24ཉིན་ནས་ཚེས25ཉིན་བར། རྒྱལ་ཡོངས་ཀྱི་དམངས་སྲིད་ཁྲིམས་ལུགས་བྱ་བའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས་པ་དང་། དམངས་སྲིད་པུའུ་ཡི་པུའུ་ཀྲང་ཀུང་ཕུའུ་ཀོང་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པའི་མཛད་སྒོར་ཞུགས་པར་མ་ཟད་སྐུལ་སློང་གཏམ་བཤད་སྤེལ། དམངས་སྲིད་པུའུ་སྲིད་ཇུས་ཁྲིམས་སྲོལ་ཟི་དང་ཞིང་ཆེན་སོ་སོའི་དམངས་སྲིད་ཐིན། འཆར་གཞི་ལེགས་བཀོད་ཀྱི་གྲོང་ཁྱེར་སོ་སོའི་དམངས་སྲིད་ཅུའུ་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་དམངས་སྲིད་ཅུའུ་ཡི་ལས་བགོས་འགོ་ཁྲིད། སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་འགན་ཁུར་བློ་མཐུན་བཅས་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་ཐིན་གྱི་འདྲི་གཅོད་པ་ཆེན་མོ་ལིང་ཧྥིན་ཡོན་གདན་དྲངས་ཏེ་དམངས་སྲིད་ཁྱབ་ཁོངས་ཀྱི་སྲིད་འཛིན་གཏུག་བཤེར་གྱོད་གཞིའི་ཆེད་དོན་འཆད་ཁྲིད་སྤེལ་ཞིང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དམངས་ཁྲིམས་ཁང་གི་ཀྲུའུ་རིན་ཅཱ་ཏུང་མིན་གྱིས་དམངས་ཁྲིམས་ཀྱི་སྤྱིའི་སྒྲིག་སྲོལ་གྱི་ཆེད་དོན་སློབ་ཁྲིད་བྱས།

གསོ་སྦྱོང་སྐབས་སུ། གསོ་སྦྱོང་ལ་ཞུགས་པའི་འཐུས་ཚབ་ཚོགས་པས་དམངས་སྲིད་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་བའི་ཐད་བགྲོ་གླེང་བྱས་པར་མ་ཟད། དམངས་སྲིད་ཁྲིམས་ལུགས་བྱ་བ་ལག་བསྟར་དངོས་འབེབས་བྱེད་པའི་ཐད་བློ་འདོན་ཇུས་འབུལ་བྱས།