མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་དམིགས་ཚད་ཀྱི་དཔྱད་ཞིབ་ཐབས་ལམ་གཏན་འབེབ་བྱས།
2017.08.31 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 7

ལྗང་མདོག་གི་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་བྱེད་ཆེད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་ནུབ་ཁུལ་གྱི་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་དམིགས་ཚད་ཀྱི་དཔྱད་ཞིབ་ཐབས་ལམ་གཏན་འབེབ་བྱས་ཤིང་། གསལ་ཐག་ཆོད་པའི་སྒོ་ནས་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་གྱི་དམིགས་ཚད་དང་ནང་དོན། དཔྱད་ཞིབ་མཇུག་འབྲས་བཅས་གཏན་འཁེལ་བྱས།

ཐབས་ལམ་ནང་བསྟན་དོན། སྐྱེ་ཁམས་ཤེས་རིག་དམིགས་ཚད་དཔྱད་ཞིབ་དེ་ཏང་སྲིད་གཉིས་ཀྱིས་འགན་འཁུར་ཞིང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་འཛིན་པ་རྣམས་ཀྱིས་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་ལག་བསྟར་བྱས་ནས་ལས་ཐོག་གཅིག་ཏུ་འགན་འཁུར་གཉིས་འཁུར་དགོས། ལོ་ལྔ་རེ་ནང་དུ་དཔྱད་ཞིབ་ཐེངས་རེ་བྱེད་རྒྱུ་ཡིན་ལ། དཔྱད་ཞིབ་དང་གདེང་འཇོག་ཟུང་འབྲེལ་གྱི་སྒོ་ནས་ལོ་རེ་གདེང་འཇོག་དང་། ལོ་གསུམ་གྱི་ནང་དུ་དཔྱད་བསྡུར་ཐེངས་གཅིག ལོ་ལྔའི་ནང་དུ་མཐའ་མཇུག་གི་སྤྱི་བསྡོམས་དཔྱད་ཞིབ་བཅས་བྱ་དགོས།

ཐབས་ལམ་གྱི་ནང་དུ་གསལ་ཐག་ཆོད་པའི་ངང་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་གྱི་དཔྱད་ཞིབ་ནང་དོན་ནི། མཚོ་ནུབ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྩ་འཛིན་ཁྲོད་གཏན་འཁེལ་བྱས་པའི་ཐོན་ཁུངས་ཁོར་ཡུག་གི་བཀག་རྒྱ་རང་བཞིན་ལ་མཛུབ་སྟོན་དང་། སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་གྱི་ལས་འགན་གལ་ཆེན་ལེགས་འགྲུབ་བྱུང་པའི་གནས་ཚུལ། སྐྱེ་ཁམས་ཁོར་ཡུག་གི་རྒྱུ་སྤུས་ལེགས་སྒྱུར་དང་འཛུགས་སྐྲུན་གྲུབ་འབྲས་འབུར་དུ་ཐོན་པ་བཅས་བྱས་ཏེ་མི་མང་མང་ཚོགས་ལ་དོན་དངོས་ཀྱི་ཕན་འབྲས་རེག་ཏུ་འཇུག་དགོས།

ཐབས་ལམ་ནང་གཏན་འབེབ་བྱས་དོན། དཔྱད་ཞིབ་དབྱེ་རིམ་ལས་ཕུལ་བྱུང་གི་སྐོར་ལ་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་གྱི་བྱ་བའི་གྲུབ་འབྲས་འབུར་ཐོན་ས་ཁུལ་ལ་བསྟོད་བསྔགས་དང་། འབྲེལ་ཡོད་ཏང་སྲིད་འགན་འཁུར་བ་རྣམས་གོ་གནས་བསྐོ་འཐེན་གྱི་ལེགས་ཆ་ཡོད། དཔྱད་ཞིབ་ལས་ཚད་ལྡན་མིན་པ་རྣམས་ལ་སྐྱོན་བརྗོད་དང་ཁོར་ཡུག་གཏོར་བརླག་གནས་ཚུལ་དང་འགན་འཁུར་གནས་ཚུལ་སོགས་ཛ་དྲག་གི་ས་ཁུལ་ལ་ཕྱིར་རྟོག་གསལ་པོ་བྱས་ཏེ། གཏན་འབེབ་ཀྱི་ནང་དོན་ལྟར་དུ། ཏང་སྲིད་འགན་འཁུར་བློ་མཐུན་རྣམས་ཀྱི་འགན་འཁུར་ལ་བརྩད་ཞིབ་རྗེས་འདེད་ནན་མོ་བྱེད་རྒྱུ་ཡིན།