མཚོ་ནུབ་ཁུལ་གྱིས་གཙང་གསུམ་འབྱུང་ཡུལ་གྱི་བདེ་འཇགས་ལ་འགན་སྲུང་བརྟན་པོ་བྱས།
2017.09.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

ཚྭ་འདམ་གཞོང་གཤོང་ས་ནི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེས་ཁམས་བདེ་འཇགས་འགན་སྲུང་ཡིན་པའི་ཆ་ནས། རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་ལ་ཚད་མཐོ་བའི་གདེང་འཇོག་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་རྒྱ་སེམས་སུ་ཉར་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་དེ་ནམ་ཡང་བྱ་བ་ཀུན་གྱི་གཞི་མ་རུ་བཞག་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བར་ཤུགས་བསྣན་ཏེ་ནམ་མཁའ་ལ་གཡའ་དག་ཅིང་ས་གཞི་ལ་རྡུལ་དེངས་པའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་མཚོ་སྔོན་འཛུགས་སྐྲུན་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་བདེ་འཇགས་ལ་འགན་སྲུང་བརྟན་པོ་བྱས།

ལོ་འདི་ལ་མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་པ་དེ་ལས་འགན་གཙོ་བོར་རྩིས་ནས། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྣེ་ཁྲིད་བྱས་ཏེ་མཚོ་ནུབ་ཁུལ་སྐྱེ་ཁམས་འཛུགས་སྐྲུན་ཨུ་ཡོན་ལྷན་ཚོགས་དང་སྐྱེ་ཁམས་ཤེས་རིག་འཛུགས་སྐྲུན་གྱི་སྣེ་ཁྲིད་རྩ་འཛུགས་བྱས་ནས། ཕྱོགས་བསྡུས་འཆར་འགོད་དང་འཛུབ་སྟོན་བྱས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་ནས། ཚ་འདམ་གཞུང་གི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་འཆར་འགོད་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རེ་བ་མཐུན་པའི་སྒོ་ནས་མཚོ་ནུབ་ཀྱི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཤེས་རིག་གི་ལམ་ལུགས་ལ་མ་ལག་ཆགས་སུ་བཅུག་ནས། སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བར་འགན་སྲུང་ཡོད་པ་བྱས་ལ། འགན་སྲུང་བརྟན་པོ་དེའི་འོག་ཏུ་སྐྱེ་ཁམས་སྲུང་སྐྱོབ་ངོས་ཐད་ལའང་ཕན་ཡོད་ཀྱི་གྲུབ་འབྲས་ངེས་ཅན་བླངས།