མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་པར་སྐྲུན་འགྲེམ་སྤེལ་བྱས་པའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ཀྱི་དྲིལ་སྒྲོག་བྱ་བའི་ཇུས་གཞི་གཞིར་བཟུང་ནས། ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྫོང་དང་ལས་ཁུངས། ཞང་གྲོང་། དགོན་པ། སློབ་གྲྭ་བཅས་དང་ཟུང་འབྲེལ་སྒོས་རྒྱལ་གཅེས་དང་དྲིན་གཟོ། མཐུན་སྒྲིལ། ཁྲིམས་སྐྱོང་སོགས་ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ། ཁུལ་ཏང་ཨུས་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ཀྱི་དྲིལ་སྒྲོག་བྱ་བར་ཚད་མཐོན་པོས་མཐོང་ཆེན་དང་དེ་ཞིང་ཆེན་ཏང་གི་འཐུས་མའི་ཚོགས་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་སུ་བརྩིས་ཏེ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་།
རྨ་ལྷོ་ཁུལ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྣེ་ཁྲིད་དེ་སེམས་ཞིབ་མོས་རྩ་འཛུགས་དང་ལག་བསྟར་བྱས་པ་དང་། ཁུལ་དང་རྫོང་གི་དྲིལ་སྒྲོག་ཚན་ཁག་དང་གཞི་རིམ་དྲིལ་སྒྲོག་རུ་ཁག་རང་འགུལ་གྱིས་མང་ཚོགས་ཁྲོད་ཟབ་ཞུགས་བྱས་ཏེ་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བའི་ནང་དོན་འགྲེལ་བཤད་བྱས་པ་དང་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དངོས་ཡོད་གནད་དོན་ལ་ལན་བཏབས།
གཞི་རིམ་ལས་ཡོན་ལས་བྱེད་པ་དག་གིས་བལྟས་ན། ཐེངས་འདིའི་དྲིལ་སྒྲོག་བྱ་བས་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ། ཞིང་ཆེན་དང་ཁུལ་རིམ་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་ངོས་ཟིན་དང་རྒྱུས་ལོན་ཇེ་ཟབ་ཏུ་བཏང་བར་མ་ཟད། ཏང་ཡོན་དང་མང་ཚོགས་བར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རྒྱལ་གཅེས་དང་དྲིན་གཟོ། མཐུན་སྒྲིལ་འབད་འཐབ། སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་བསམ་བློ་སྔར་ལས་ལྷག་པའི་སྒོ་ནས་ཇེ་དྲག་བཏང་བ་དང་ཁྱོན་ཡོངས་ནས་སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིར་སྐུལ་འདེད་གཏོང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་བསམ་བློའི་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་བསྡུ་བར་བསུ་མ་བྱེད་པར་སྤྱི་ཚོགས་ཀྱི་གླེང་ཕྱོགས་བཟང་བོ་ཞིག་བསྐྲུན་ཡོད་པར་སྙམ།