ཀོས་ནན་རྫོང་གིས་བྱེད་ཐབས་གསུམ་སྲ་སྒྱུར་བྱས་ནས་དབུལ་ཕོངས་མི་སྣའི་འགན་བཅོལ་དབུལ་སྐྱོར་བྱ་བར་སྐུལ་འདེད་གཏིང་ཟབ་བྱས།
2017.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཀོས་ནན་རྫོང་གིས་ད་ཡོད་ཀྱི་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་བརྒྱད་དང་བདུན་བརྒྱ་ང་བཞི་དམིགས་འབེན་དུ་བྱས་ནས་ཚོང་ལས་འགན་བཅོལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་ཁ་གསབ་བྱེད་པའི་ནུས་པ་འདོན་སྤེལ་བྱས་པ་དང་། ཧུར་ཐག་གིས་དབུལ་ཕོངས་མི་སྣ་ཕྱིར་དབུལ་བོར་འགྱུར་བར་སྔོན་འགོག་བྱས།

སྲིད་གཞུང་གིས་ཁྲོམ་རའི་འཁོར་སྐྱོད་སྲ་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤྱི་མཐུན་ཞབས་ཞུ་བྱེད་ཐབས་གསར་སྐྲུན་དང་ཚོང་ལས་འགན་བཅོལ་གྱི་དཔལ་འབྱོར་ནུས་པ་བཀོལ་སྤྱོད་བྱེད་པ། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གསུམ་སྟོང་བརྒྱད་བཏང་ནས་དབུལ་ཕོངས་མི་སྣར་གློ་བུར་བའི་དོན་རྐྱེན་བྱུང་བ་དང་ནད་ཚབས་ཆེན་བྱུང་བར་ཁ་གསབ་རོགས་དངུལ་སྟེར་བ་སོགས་ཀྱི་འགན་བཅོལ་དབུལ་སྐྱོར་ལས་དོན་ལག་བསྟར་བྱས་ནས་འགན་བཅོལ་དབུལ་སྐྱོར་བྱ་བར་མཉམ་དུ་སྐུལ་འདེད་བྱེད་པར་ཁག་ཐེག་བྱས།

ངེས་པ་དོན་གྱིས་དངུལ་རྩའི་འགན་བཅོལ་དབུལ་སྐྱོར་དཀའ་སེལ་གྱི་རོགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབུལ་སྐྱོར་མི་སྣར་ཆ་འཕྲིན་ཅན་དང་འགུལ་རྣམ་ཅན་གྱི་དོ་དམ་བྱེད་པར་བརྟེན་ནས་གནད་ཕིགས་དབུལ་སྐྱོར་དེ་ཁྱིམ་ཚང་རེ་རེ་དང་མི་རེ་རེའི་སྟེང་ཐོན་པ་མངོན་འགྱུར་བྱས།

སྲིད་ཇུས་གཏན་འབེབས་དང་ཐོབ་ཐང་སྤྲོད་པ། དོ་དམ་ཞབས་ཞུ་སོགས་སྦྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབ་ནས་ཧུར་ཐག་གིས་དབུལ་ཕོངས་མི་སྣར་འགན་སྲུང་བྱེད་ཐུབ་པ་ཡོད་ཚད་ལ་འགན་སྲུང་བྱེད་པ་མངོན་འགྱུར་བྱས་པ་དང་། ཤུགས་ཆེན་པོས་འགན་སྲུང་ཆུ་ཚད་མཐོར་འདེགས་བྱས་ནས་དབུལ་ཕོངས་མི་སྣའི་འགན་བཅོལ་དབུལ་སྐྱོར་ཁྱོན་ཡོངས་ལ་ཁེབས་པར་སྐུལ་འདེད་གཏོང་བ། ཕན་ཡོད་སྒོས་དབུལ་ཕོངས་མི་སྣ་གོད་ཆག་དང་ནད་བྱུང་བ་ལས་དབུལ་བོར་འགྱུར་བ་དང་ཕྱིར་དབུལ་བོར་འགྱུར་བའི་གནད་དོན་ཡུན་གྱིས་ཐག་གཅོད་བྱས།