ཉེ་ལམ། གསར་འགོད་པས་བོད་རིགས་དང་ཆང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཁྱམས་རའི་མཉམ་ལས་འཕེལ་རྒྱས་གླེང་སྟེགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རིག་གནས་པུའུ་དང་ནོར་སྲིད་པུའུ་ཡིས་བོད་རིགས་དང་ཆང་རིགས། དབྱི་རིགས་ཀྱི་རིག་གནས་ཐོན་ལས་ཁྱམས་རའི་སྤྱིའི་འཆར་འགོད་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་དང་ཆང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཁྱམས་རའི་འཆར་འགོད་ཁྲོད་བཞག་ཡོད་པའི་བོད་རིགས་རང་སྐྱོང་ཁུལ་དྲུག་གིས་རྒྱུན་མཐུད་དེ་རིག་གནས་ཐོན་ལས་ལས་གཞི་བཅུ་བདུན་ལག་བསྟར་བྱས་པ་དང་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཉིས་ལྷག་བཏང་ལ། ཉིས་སྟོང་བཅུ་བདུན་ལོའི་ལོ་མཇུག་བར་དུ་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་གྱི་རིག་གནས་ཐོན་ལས་ཕྱིར་འཚོང་རིན་གོང་སྒོར་ཐེར་འབུམ་གཅིག་དང་དུར་ཕྱུར་ལྔ་བྱེ་བ་བཞི་ལ་སླེབས།
རྒྱུས་ལོན་བྱུང་བ་ལྟར་ན། རིག་གནས་པུའུ་དང་ནོར་སྲིད་པུའུ་ཡིས་བོད་རིགས་དང་ཆང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཁྱམས་རའི་སྤྱིའི་འཆར་འགོད་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་བོད་རིགས་དང་ཆང་རིགས། དབྱི་རིགས་བཅས་ཀྱི་རིག་གནས་ཐོན་ལས་ཁྱམས་རའི་སྤྱིའི་འཆར་འགོད་སྒྲིག་བཟོ་དང་ལག་བསྟར་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོན་པོས་མཐོང་ཆེན་དང་རྒྱབ་སྐྱོར་བྱས་པ་དང་། སྔ་གཞུག་ཏུ་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་ཕྱིར་བཏོན་ཏེ་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཐོན་ལས་ལ་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།