གསར་འགོད་པས་ཟླ8པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ཐུམ་འབུའི་ནད་ཀྱི་འཐེན་བཤེར་དང་རོགས་སྐྱོར་ཤུགས་ཚད་རྒྱ་བསྐྱེད་ནས་མིག་སྔའི་བར་ས་ཁུལ་སོ་སོ་ནས་མི་གྲངས་ས་ཡ་གཅིག་དང་འབུམ་གསུམ་ཁྲི་གཅིག་ལ་འཐེན་བཤེར་བྱས་པ་དང་། ལོ་ཧྲིལ་བོའི་ལས་འགན་གྱི་བརྒྱ་སའི་རེ་ལྔ་དང་གྲངས་ཆུང་ལྔ་ཡོངས་གྲུབ་བྱས་ལ། གསར་དུ་ཤེས་གསལ་བྱུང་བའི་ནད་པ་སྟོང་གཅིག་དང་ཉིས་བརྒྱ་ང་དགུ་དང་གཤགས་བཅོས་བྱས་པའི་ནད་པ་བཞི་བརྒྱ་བཅོ་ལྔ་ཚང་མར་རིན་མེད་གཤགས་བཅོས་དང་སྨན་རྫས་ནད་བཅོས་བྱས་པ་རེད།
ད་ལོའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་ཀྱི་འཐེན་བཤེར་གཞི་གྲངས་དང་ནད་པའི་རོགས་སྐྱོར་གཞི་གྲངས་འཛུགས་པའི་བྱ་བ་སྤེལ་ནས་སྔོན་ལ་ཡིག་ཚགས་ལས་ཏེ་བྱང་བུ་བྱིན་པའི་དབུལ་ཕོངས་མི་སྣར་འཐེན་བཤེར་བྱས་ཏེ་ནད་བཅོས་བྱེད་ཐུབ་པ་ཡོད་ཚད་ལ་ནད་བཅོས་བྱེད་པ་དང་འཐེན་བཤེར་རོགས་སྐྱོར་གཉིས་ཁྱོན་ཡོངས་ལ་ཁེབས་པར་བྱས། ཐུམ་འབུའི་ནད་ཀྱི་བརྟག་བཅོས་ལག་རྩལ་རོགས་སྐྱོར་དངོས་འབེབས་བྱས་ནས་གཞི་རིམ་སྨན་ཁང་ལ་ཐུམ་འབུའི་ནད་ཀྱི་གཤགས་བཅོས་ནད་བཅོས་ཚོགས་པ་འཛུགས་པར་མཛུབ་སྟོན་དང་རོགས་རམ་བྱས་ལ། ཐུམ་འབུའི་ནད་ཀྱི་ནད་བཅོས་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་ནས་མིག་སྔའི་བར་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གཉིས་ཀྱིས་གཞི་རིམ་སྨན་ཁང་ནས་གཤགས་བཅོས་རེ་དྲུག་ཡོངས་གྲུབ་བྱས། ཆེད་མཁས་ལག་རྩལ་མི་སྣའི་ནད་ཐོག་སྨན་བཅོས་ཉམས་མྱོང་སོགས་དགེ་མཚན་འདོན་སྤེལ་བྱས་ནས་གཞི་རིམ་དུ་ཐུམ་འབུའི་ནད་ཀྱི་ཆེད་དོན་ཚན་ཁག་འཛུགས་པ་དང་འབྲེལ་ཡོད་མི་སྣར་གསོ་སྦྱོང་སྤེལ་ཏེ་ཐུམ་འབུའི་ནད་ཀྱི་ཚད་ལྡན་ཅན་དང་ཁུལ་ཁོངས་ཅན་གྱི་དོ་དམ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ཞིང་། ཐུམ་འབུའི་ནད་ཀྱི་སྒོ་འབྱེད་གཤགས་བཅོས་ཁང་གི་སྟེགས་བུ་བརྒྱུད་དེ་སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་སྨན་བཅོས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་།
མཚོ་སྔོན་ཞིང་ཆེན་གྱིས་ད་དུང་ཐུམ་འབུའི་ནད་ཀྱི་བདེ་ཐང་དབུལ་སྐྱོར་བྱ་འགུལ་ལག་བསྟར་བྱས་ནས། ཞིང་ཆེན་རིམ་པའི་སྡེ་ཁག་དྲུག་གིས་ཐུམ་འབུའི་ནད་སྔོན་འགོག་དེ་བདེ་ཐང་དབུལ་སྐྱོར་བཟོ་སྐྲུན་བྱ་འགུལ་ཁྲོད་བཞག་སྟེ་ཐུམ་འབུའི་ནད་ཀྱི་དབུལ་ཕོངས་སྨན་བཅོས་འཐབ་ཇུས་ལག་བསྟར་གནད་སྨིན་བྱས། ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱིས་འབྲེལ་ཡོད་ཁུལ་དང་རྫོང་སྲིད་གཞུང་ལ་ཐུམ་འབུའི་ནད་ཀྱི་གནད་ཕིགས་དབུལ་སྐྱོར་གྲོས་མཐུན་བཀོད་ནས་ཐུམ་འབུའི་ནད་ཀྱི་སྨན་བཅོས་འགྲོ་སོང་རྩིས་ཞུ་གོ་རིམ་སྟབས་བདེ་ཅན་དུ་བཏང་ལ། ཐུམ་འབུའི་ནད་པ་སྟོང་གཅིག་དང་བརྒྱ་ལ་རིན་མེད་སྨན་རྫས་སྨན་བཅོས་ལག་བསྟར་བྱས་པ་དང་། ནད་པ་བརྒྱ་དང་བདུན་ཅུ་ལྷག་ལ་གཤགས་བཅོས་ཁ་གསབ་རོགས་དངུལ་སྒོར་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད་ལྷག་བྱིན།