སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་སྐོར་གྱི་འབྲེལ་ཡོད་མཛུབ་སྟོན་དགོངས་དོན་དང་ལྷག་པར་དུ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཁྱོན་ཡོངས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་བཏོན་པའི་སྒྱུར་བ་བཞིར་སྐུལ་འདེད་གཏོང་བའི་ཇུས་ཆོད་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྲིད་ཁྲིམས་སྡེ་ཁག་གི་ལས་རིགས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྲིད་ཁྲིམས་བྱེད་ནུས་འདོན་སྤེལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་བྱེད་ཅེས་པའི་འབྲེལ་ཡོད་བསམ་འཆར་དཔར་ནས་བཀྲམ།
བསམ་འཆར་ལས་གཙོ་བོ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་སྣ་མང་རང་བཞིན་གྱི་འགལ་བ་ཐག་གཅོད་བྱེད་པ། སྔོན་འགོག་དང་ཉེན་བརྡ་གཏོང་བར་ཤུགས་སྣོན་པ་སོགས་ཕྱོགས་དྲུག་ཐད་ནས་སྐྱེ་ཁམས་ཁོར་ཡུག་ཉེན་ཁར་སྐབས་བསྟུན་སྔོན་འགོག་བྱེད་པའི་བྱེད་ཐབས་བཏོན་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འདྲི་གཅོད་ནང་རྐྱེན་དང་ཞིབ་བཤེར་ནང་རྐྱེན། ཁྲིམས་སྐྱོང་ཞབས་ཞུའི་འགན་སྲུང་ནང་རྐྱེན་སོགས་ཕྱོགས་ལྔའི་ཐད་ནས་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་གསར་འཛུགས་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་པའི་བྱ་བའི་ནང་རྐྱེན་བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འདྲི་གཅོད་དང་ཞིབ་བཤེར། སྤྱི་བདེ་ཁྲིམས་འཛིན། ཁྲིམས་འཛིན་སྲིད་འཛིན་གྱི་ལས་རིགས་བྱེད་ནུས་སོགས་འདོན་སྤེལ་བྱེད་པའི་ཕྱོགས་ནས་སྲིད་ཁྲིམས་ལས་ཁུངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འགན་སྲུང་བྱེད་པའི་ཁྲོད་ཀྱི་ལས་འགན་གཙོ་བོ་གཏན་ལ་ཕབ་ཡོད།
བསམ་འཆར་ལས་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་དང་གྱོད་གཞིར་ལྟ་སྐུལ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དྲང་བདེན་སྤྱོད་གཙང་དང་དཔལ་ཡོན་ཁྲིམས་འཛིན་ལ་སྐུལ་འདེད་གཏོང་བ་དང་རྒྱུན་ཆད་མེད་པར་ཁྲིམས་འཛིན་བྱ་བར་མང་ཚོགས་ཡིད་ཚིམས་ཚད་མཐོར་འདེགས་བཏང་སྟེ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད།