རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་བདེ་བླག་ངང་འཚོག་པར་རྟེན་འབྲེལ་ཞུས།
2017.09.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

 ཟླ9པའི་ཚེས6ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་མི་རིགས་མཐུན་སྒྲིལ་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྤེལ་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་བདེ་བླག་ངང་འཚོག་པར་བཀྲ་ཤིས་རྟེན་འབྲེལ་ཞུས།

རྟེན་འབྲེལ་མཛད་སྒོའི་སྟེང་རྩེ་ཁོག་རྫོང་གེ་སར་གླུ་གར་ཁང་གིས་གླུ་དང་ཞབས་བྲོ། རྡུང་ལེན་སོགས་རིག་རྩལ་བྱ་འགུལ་གྱ་ནོམ་པས་རྒྱ་ཆེའི་མང་ཚོགས་ཀྱི་སྤྲོ་སེམས་མཐོ་རུ་བསླངས་པ་དང་། རྫོང་ཁྲིམས་འཛིན་སྡེ་ཁག་དང་འཕྲོད་བསྟེན་སྡེ་ཁག་སོགས་ཀྱིས་རྒྱ་ཆེའི་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་དང་འཕྲོད་བསྟེན་ཤེས་བྱ་དྲིལ་སྒྲོག་བྱས་པར་མ་ཟད། ད་དུང་ཁྲིམས་ལུགས་ཕྱོགས་ཀྱི་རྒྱུ་ཆ་དང་། དགོས་ངེས་ཀྱི་སྨན་རྫས་སྐོར་ཞིག་རིན་མེད་དུ་ཕུལ་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་བདེ་བླག་ངང་འཚོག་པར་རྟེན་འབྲེལ་ཞུས།     

                                                                                                                                                                                                                       གསར་འགོད་པ།  ཁྱུང་ཐར་རྒྱལ།