ཟླ9བའི་ཚེས5ཉིན། མཚོ་ནུབ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཁུལ་ཞིང་ཕྱུགས་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས2017ལོའི་མཚོ་ནུབ་ཁུལ་གྱི་རོང་འབྲོག་ཁུལ་གྱི་བུད་མེད་ཀྱི་གསོ་སྤེལ་ལས་རིགས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་གསོ་སྤེལ་ཁྱིམ་ཚང་གི་ཚན་རྩལ་འདུ་ཤེས་དང་གསོ་སྤེལ་ལག་རྩལ་མཐོར་འདེགས་སུ་བཏང་ནས་དེང་རབས་ཕྱུགས་ལས་འཕེལ་རྒྱས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་རོགས་འདེགས་བྱས།
ཐེངས་འདིའི་གསོ་སྦྱོང་གིས་རོང་འབྲོལ་ཁུལ་གྱི་བུད་མེད་རྣམས་ལ་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་དང་། ངེས་པ་དོན་གྱིས་ཚང་མའི་གསོ་སྤེལ་ཕྱོགས་ཀྱི་གནད་དོན་ཐག་གཅོད་བྱས་ལ། དབུལ་ཐར་ཕྱུག་སྒྱུར་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཐབས་འདོན་ཇུས་འབུལ་བྱས་པར་མ་ཟད། ཐོན་ལས་འཕེལ་རྒྱས་ལ་ལམ་གསར་བ་ཞིག་འཚོལ་ཞིབ་བྱས། གསོ་སྤེལ་ཚན་རྩལ་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ནི་ཁྱོན་ཡོངས་ནས་མཚོ་ནུབ་ཁུལ་གྱི་ཕྱུགས་ལས་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་གནད་འགག་ཡིན་ལ། རོང་འབྲོག་ཁུལ་གྱི་བུད་མེད་མང་ཚོགས་གསོ་སྤེལ་ལས་རིགས་འཕེལ་རྒྱས་ཀྱི་ཕྱོགས་སུ་ཁྲིད་པར་ཕན་པ་ཡོད་ཅིང་། མཉམ་དུ་དབུལ་ཐར་ཕྱུག་སྒྱུར་བྱས་ནས་མཚོ་ནུབ་ཁུལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིངས།