རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་དགོངས་དོན》ལག་བསྟར་དངོས་འབེབས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཟླ8པའི་ཚེས་23ཉིན། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར》དངོས་སུ་དཔར་ནས་བཀྲམ། འདི་ནི་མཚོ་སྔོན་ཞིང་ཆེན་གྱིས་དྭ་ཕྲུག་གི་འགན་སྲུང་ལམ་ལུགས་བཙུགས་པའི་རྗེས་སུ་ཆེས་ཐོག་མར་ཞིང་ཆེན་རིམ་པའི་ངོས་ནས་རིགས་སོ་སོའི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་ཐད་བསྒྲུབ་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་ཡིན་ཞིང་། མིག་སྔའི་མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཅན་གྱི་བྱིས་པའི་གཞི་རྩའི་འཚོ་བ་དང་འཕེལ་རྒྱས་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་པས། ངེས་པ་དོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་བྱ་བའི་ཐད་དོན་སྙིང་གལ་ཆེན་ལྡན།
《ལག་བསྟར་བསམ་འཆར》ལས་ཕྱོགས་བཞིའི་ཐད་ཀྱི་ནང་དོན་གསལ་བོ་བྱས་ཡོད་དེ། གཅིག་ནི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་རིགས་དབྱེ་གསལ་བོ་བྱས་ཡོད་པ་དང་། དཀའ་ཁག་ཅན་གྱི་བྱིས་པ་རྣམས་ཁྱིམ་ཚང་གི་དཀའ་ཁག་དང་རང་སྟེང་ན་དཀའ་ཁག་ཡོད་པ། ལྟ་སྐྱོང་ཐད་དཀའ་ཁག་ཡོད་པ་ལྟར་རིགས་དབྱེ་ཡོད་པ་རེད། གཉིས་ནི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་བྱེད་ཐབས་གསལ་བོ་བྱས་ཡོད་པ་དང་། དཀའ་ཁག་ཅན་གྱི་བྱིས་པའི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཤུགས་སྣོན། སློབ་གསོ་སྲ་སྒྱུར། ལྟ་སྐུལ་འགན་ཁུར་དངོས་འབེབས། དབང་བོ་སྐྱོན་ཅན་གྱི་བྱིས་པའི་ཕན་བདེ་ཞབས་ཞུ་ལ་ཤུགས་སྣོན་དང་བདེ་འཇགས་སྲུང་སྐྱོབ་སྲ་སྒྱུར་སོགས་ཕྱོགས་དྲུག་གི་ཐད་ཞིབ་ཕྲའི་བྱེད་ཐབས་བཏོན། སྔར་ཡོད་ཀྱི་འགན་སྲུང་སྲིད་ཇུས་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་པའི་རྨང་གཞིའི་སྟེང་། འགན་སྲུང་ཁྱབ་ཁོངས་དང་འགན་སྲུང་ཚད་གཞི་ཁ་ཤས་རྒྱ་བསྐྱེད་དང་མཐོ་རུ་བཏང་། གསུམ་ནི་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་མ་ལག་གསལ་བོ་བྱས། ཞིང་ཆེན་ནང་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། གྲོང་ཁྱེར་དང་ཁུལ་གྱི་མི་དམངས་སྲིད་གཞུང་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་། ཞང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་བཅས་རིམ་པ་བཞིའི་དྲ་རྒྱའི་འཛུགས་སྐྲུན་ཐད་རེ་བ་བཏོན་པ་མ་ཟད། འབྲེལ་ཡོད་ལས་ཁུངས་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་དཀའ་ཁག་ཅན་གྱི་བྱིས་པའི་འགན་སྲུང་ལ་ཤུགས་སྣོན་པའི་བྱ་བའི་ཁྲོད་ཀྱི་ལས་འགན་གསལ་བོ་བྱས་ནས་སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་རྐྱེན་སྲོལ་འཛུགས་སྐྲུན་ཐད་རྨང་གཞི་བརྟན་པོ་བཏིངས། བཞི་ནི་དཀའ་ཁག་ཅན་གྱི་བྱིས་པའི་བྱ་བའི་འགན་སྲུང་གསལ་བོ་བྱས། རྩ་འཛུགས་འགོ་ཁྲིད་དང་ནུས་ཤུགས་འཛུགས་སྐྲུན། དྲིལ་སྒྲོག་ཁྲིད་སྟོན་སོགས་བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་བྱེད་དགོས་པ་བཅས་རེད།