ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པའི་བཅར་འདྲི་ཚོགས་པ་ཟི་ལིང་དུ་འབྱོར།
2017.09.13 ཁུངས། ཀློག་གྲངས། 7

སི་ཁྲོན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ལྗོངས་ཞིང་ལྔའི་རླུང་འཕྲིན་ཁང་གི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་ཆེན་པོ་ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པ་ཟླ་བརྒྱད་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ནས་དངོས་སུ་སྤེལ་འགོ་བརྩམས་པ་དང་། བཅར་འདྲིའི་ལམ་ཐིག་ཐད་མཚོ་བོད་ལམ་ཐིག་དང་ཁྲོན་བོད་ལམ་ཐིག་གཉིས་སུ་དགར་ནས་བཅར་འདྲིའི་ལས་ལ་ཆས་ཤིང་། དེ་རིང་སྟེ་ཟླ་འདིའི་ཚེས་བཅུ་གསུམ་ཉིན་མཚོ་བོད་ལམ་ཐིག་གི་བཅར་འདྲི་ཚོགས་པ་ཟི་ལིང་གྲོང་ཁྱེར་དུ་དངོས་སུ་འབྱོར། ང་ཚོས་ཐེངས་འདིའི་བཅར་འདྲིའི་ཚོགས་པའི་འབྲེལ་ཡོད་བློ་མཐུན་དག་ལས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བཅར་འདྲིའི་དམིགས་ཡུལ་ནི་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་མཚོན་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱ་རྒྱུ་དེ་ཡིན་པ་མ་ཟད། ཁོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་མངགས་བཅོལ་དང་རེ་བ་སྟོང་ཟད་དུ་མི་གཏོང་བར་བོད་ཁུལ་གྱི་རྣམ་པ་གསར་པ་དང་བོད་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དྲིལ་སྒྲོག་བཟང་པོ་བྱ་རྒྱུ་དེ་ཡིན་ལ། བསམ་བློ་གཏིང་ཟབ་པ་དང་ནང་དོན་རྒྱ་ཆེ་བའི་གསར་འགྱུར་བརྩམས་ཆོས་མང་དུ་བརྩམ་ནས། བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་མངོན་མཚོན་བྱ་རྒྱུ་ཡིན་ཟེར།

\"\"

གསར་འགོད་པ་རྣམས་དངོས་སུ་ལམ་ལ་ཆས་བཞིན་པ།

\"\"

ཁོ་ཚོས་མཐོན་པོའི་རི་དང་དམའ་མོའི་གཞུང་བརྒྱུད་དེ་མི་དམངས་ཀྱི་སེམས་འདུན་དང་རེ་བ་གླུ་རུ་གྱེར་བཞིན་ཡོད།

\"\"

མཚོ་བོད་གཞུང་ལམ་སྟེང་གི་ལས་རིགས་སོ་སོར་རྒྱུས་ལོན་གཏིང་ཟབ་བྱེད་བཞིན་པ།

\"\"

གང་ལ་ཐོན་ཡང་མངགས་བཅོལ་ཡིད་ལ་བཅངས་ཏེ་བཅར་འདྲིའི་ལས་དང་མི་འབྲལ་བ།

\"\"

གྲོང་སྡེ་དང་རྩྭ་ཐང་གང་དུ་འབྱོར་ཡང་ཁྱེད་ཀྱི་སེམས་གཏམ་ནི་ཁོ་ཚོས་ཆེས་ཉན་འདོད་པའི་གཏམ་རྒྱུད་དེ་ཡིན།

བཅར་འདྲི་ཚོགས་པ་འདིར་ཁྱོན་སྡོམ་གསར་འགོད་པ8ཡོད་ལ་ཁོ་ཚོས་ལམ་བར་གྱི་མཐོང་ཐོས་མྱོང་གསུམ་ཚང་མ་སྒྲ་གཟུགས་ཡིག་རིས་སོགས་སུ་ཕབ་ནས། ཆེས་མགྱོགས་ཤིང་རྐྱེན་ལ་སྟབས་བདེ་བའི་སྒོ་ནས་ཀུན་གྱི་སྤྱན་ལམ་དུ་བསྟར་བཞིན་ཡོད། སྔ་གཞུག་ཏུ་གཟི་ཚ་སྡེ་དགུ་དང་ཟུང་ཆུ། ཁྱུང་མཆུ། མཛོད་དགེ ཀན་ལྷོ་བཅས་སུ་ཡུལ་དེ་གའི་དམངས་ཀྱི་འཚོ་བ་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཟུར་མི་འདྲ་བ་དུ་མ་ནས་རྒྱུས་ལོན་བྱས་ཤིང་། ལོ་འདི་དག་རིང་གི་འཚོ་བའི་ཐད་ཀྱི་འགྱུར་ལྡོག་དང་སྤྱི་ཚོགས་འཆམ་མཐུན་མདུན་སྐྱོད་ཀྱི་རྣམ་པ་ཇི་བཞིན་དུ་སྒྲོག་སྤེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་ངང་གིས་བསུས་ཡོད།