མཚོ་སྔོན་ཞིང་ཆེན་གྱི་སྡེ་ཁག་བརྒྱད་ལ་རྒྱལ་ཁབ་པུའུ་ཨུའི་གཟེངས་བསྟོད་ཐོབ།
2017.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཉེ་ལམ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་གཞུང་སྒྲུབ་ཐིན་དང་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུའུ་གཞུང་སྒྲུབ་ཐིན་གཉིས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཁྱབ་བཏང་སྟེ། ཉིས་སྟོང་བཅུ་བདུན་ལོའི་རྒྱལ་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་ལ་གཙང་བཤེར་ལེགས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་ཁྲོད་ཧུར་ཐག་གིས་རང་སྟེང་གི་ནུས་པ་འདོན་སྤེལ་དང་ལས་འགན་ཡོངས་གྲུབ་བྱས་པར་མ་ཟད། གྲུབ་འབྲས་འབུར་ཐོན་བླངས་པའི་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཡན་ལག་རུ་ཁག་དང་མཚོ་ཤར་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ངལ་རྩོལ་ལྟ་ཞིབ་ཚན་ཁག མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་ལྟ་ཞིབ་རུ་ཆེན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་འགན་སྲུང་ལྟ་ཞིབ་ཡན་ལག་རུ་ཁག མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ངལ་རྩོལ་ལྟ་ཞིབ་ཡན་ལག་རུ་ཁག ཐུན་རིན་རྫོང་ངལ་རྩོལ་ལྟ་ཞིབ་རུ་ཆེན། པད་མ་རྫོང་ངལ་རྩོལ་ལྟ་ཞིབ་རུ་ཆེན། གཏེར་ལེན་ཁ་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་བརྒྱད་ལ་གཟེངས་བསྟོད་བྱས།

ད་ལོའི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་ནས་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་རྒྱལ་ཁབ་བཟོ་ཚོང་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་གཙང་བཤེར་ལེགས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྤྱོད་སྤེལ་བ་དང་། བསྡོམས་པས་ཁྲིམས་འཛིན་མི་སྣ་ལྔ་བརྒྱ་དོན་གསུམ་རྩ་འཛུགས་བྱས་ཏེ་རིགས་སོ་སོའི་སྡེ་ཁག་དང་ལས་ཁུངས་བདུན་བརྒྱ་བཅུ་གཅིག་ལ་ཞིབ་བཤེར་བྱས་པ་དང་། དེའི་ནང་མི་བཀོལ་སྡེ་ཁག་དྲུག་བརྒྱ་བཅུ་དགུ་དང་ལས་རིགས་མཚམས་སྦྱོར་ལས་ཁུངས་གྱ་གསུམ་ཡོད་ལ། ཆོག་མཆན་དང་ཐོ་འགོད་མ་བྱས་པར་རང་འགུལ་གྱིས་སྤེལ་བའི་ལས་རིགས་མཚམས་སྦྱོར་བྱ་འགུལ་དགུ་རྙེད། ཆེད་དོན་ཞིབ་བཤེར་སྐབས་སུ། ས་ཆ་སོ་སོས་གཟབ་ནན་གྱིས་ཁྲིམས་ལག་བསྟར་བྱས་ཏེ་དུས་ཐོག་ཏུ་རིགས་སོ་སོའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོ་བསྲང་བྱས་པ་དང་། ཁྲིམས་ལྟར་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱེལ་བའི་ཁྲིམས་འགལ་གྱི་སྤྱོད་ཚུལ་ལ་ཆད་པ་ནན་མོ་བཅད་དེ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་གནོན་ཤུགས་ཆེན་པོ་སྟེར་བའི་གནས་བབ་རྒྱུན་འཁྱོངས་བྱས། ཆེད་དོན་འགུལ་སྤྱོད་བྱས་པ་བརྒྱུད་ནས། ངལ་རྩོལ་པའི་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱི་མཚམས་སྦྱོར་བྱ་འགུལ་དང་མི་བཀོལ་སྡེ་ཁག་གི་ལས་བཟོ་བ་བསྡུ་བའི་སྤྱོད་ཚུལ་ཚད་ལྡན་དུ་བཏང་སྟེ་མི་ཤུགས་ཐོན་ཁུངས་ཁྲོམ་རའི་སྒྲིག་ལམ་གོམ་གང་མདུན་སྤོས་ཀྱིས་ལེགས་བཅོས་བྱུང་།