ཞིང་ལྗོངས་ལྔའི་རླུང་འཕྲིན་ལས་ཁུངས་ཀྱི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་ཆེན་མོ་མཚོ་སྔོན་དུ་ཐོན་པའི་གནས་ཚུལ།
2017.09.14 ཁུངས། ཀློག་གྲངས། 6

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ།
IMG_7999.JPG

གསར་འགོད་པས་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་བློ་རས་ལ་བཅར་འདྲི་བྱེད་བཞིན་པ།

IMG_8006.JPG

གསར་འགོད་པས་ཡུན་ནན་བདེ་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ལ་བཅར་འདྲི་བྱེད་བཞིན་པ།

སི་ཁྲོན་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན་བཅས་ཞིང་ལྗོངས་ལྔའི་རླུང་འཕྲིན་ཁང་གི་མཉམ་འབྲེལ་བཅར་འདྲིའི་བྱ་འགུལ་ཆེན་མོ་སྟེ། ལེ་དབར་ཁྲི་ཡི་བོད་ཁམས་སུ་སྐྱོད་པ་ཞེས་པའི་མཚོ་བོད་ལམ་གྱི་བཅར་འདྲི་ཚོགས་པ་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཐོན་ནས། མཚོ་སྔོན་གྱི་བཅར་འདྲིའི་བྱ་བ་མགོ་བརྩམས། གསར་འགོད་པས་བཅར་འདྲིའི་བྱ་འགུལ་ཆེན་མོའི་སྐོར་ནས་ཐེངས་འདིའི་གསར་འགོད་པ་རྣམས་ལ་ཡུལ་དངོས་ནས་བཅར་འདྲི་བྱས། ཐེངས་འདིའི་བཅར་འདྲིའི་དམིགས་ཡུལ་ནི་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་མཚོན་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱ་རྒྱུ་དེ་རེད།