ཞིང་ཆེན་ཡོངས་ཀྱི་ཞིབ་གཤེར་སྡེ་ཁག་གིས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཞབས་ཕྱི་དང་ཁག་ཐེག་བྱེད་པའི་ཆེད་དམིགས་ལས་འགུལ་སྤེལ།
2017.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

གསར་འགོད་པས་ཞིང་ཆེན་ཞིབ་གཤེར་ཁང་གིས་སྤེལ་པའི་གསར་འགྱུུར་སྒྲོག་སྤེལ་ཚོགས་འདུ་ལས་རྒྱུས་ལོན་བྱས་པ་ལྟར་ན། ཟླ་དགུ་བའི་ཚེས་གཅིག་ཉིན། ཞིང་ཆེན་ཞིབ་གཤེར་ཁང་གིས་གྲོས་མོལ་བརྒྱུད་ཚད་མཐོ་བའི་སྒོ་ནས་ཞིབ་གཤེར་ཞབས་ཕྱིའི་ནུས་པ་འདོན་སྤེལ་བྱེད་པ་དང་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་བསྐྲུན་བྱེད་པའི་བསམ་འཆར་དང་། ཞིང་ཆེན་ཀྱི་ཞིབ་བཤེར་སྡེ་ཁག་ཡོངས་ཀྱིས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་བསྐྲུན་བྱ་བར་ཞབས་ཕྱི་དང་ཁག་ཐེག་བྱེད་པའི་ཆེད་དམིགས་ལས་འགུལ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན།  རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་བསྐྲུན་བྱེད་པར་ཞབས་ཕྱི་དང་ཁག་ཐེག་བྱེད་པ་བྱ་བའི་གཙོ་གད་དུ་བཟུང་སྟེ། ནན་ཏན་གྱི་སྒོ་ནས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུག་བསྒྲུན་བྱ་བའི་ཁྲོད་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་དང་སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ། མི་དམངས་ཀྱིས་ངོ་རྒོལ་བྱེད་བཞིན་པའི་གྱོད་དོན་དང་གནད་དོན་ཐག་གཅོད་གང་ལེགས་བྱེད་པ། ཞིང་ཆེན་ཡོངས་དང་ཁྱད་པར་དུ་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ལས་རིམ་ཁག་གི་རང་བྱུང་ཐོན་ནུས་ལ་གནོད་སྐྱོན་བཟོ་བར་གྱོད་གཞི་འཛུགས་པ། ཞིབ་གཤེར་བྱེད་པ་འདྲི་གཅོད་བྱ་བའི་ལྟ་ཞིབ་བཅས་ལ་ཤུགས་འདོན་པ། སྤྱི་བདེ། ཁོར་ཡུག་སྲུང་སྐྱོབ། རྒྱལ་ཁབ་ཀྱི་ས་གནས། ནགས་ལས། ཆུ་ཤུགས་སོགས་འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་བྱས་ནས།གྱོད་གཞི་ཐག་གཅོད་མི་བྱེད་པ་དང་། གནད་དོན་ལ་དོ་ཁུར་མི་བྱེད་པའི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱེེད་པ། མི་དམངས་མང་ཚོགས་ཀྱིས་གཙིགས་ཆེན་བྱེད་པའི་གནད་དོན་དང་བྱེད་ནུས་འདོན་པའི་དུས་ཀྱི་གནད་དོན་གལ་ཆེན། འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་ཀྱི་ལྐོག་ཟ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ལ་གདོང་འདེགས་དང་ཐག་གཅོད་ནན་མོ་བྱེད་པ། ལས་ཞུགས་མི་སྣ་ནན་ཏན་གྱིས་བྱ་བར་འཇུག་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་བསྐྲུན་བྱེད་པར་རྣམ་པ་ལེགས་པོ་དང་སྣང་བརྙན་བཟང་བོ་ཞིག་བསྐྲུན་པ།བྱ་འགུལ་ཁྲོད་དུ་བྱ་བའི་ནུས་ཤུགས་ཚད་མཐོ་རུ་གཏོང་བ་དང་་། གྱོད་གཞི་སྒྲུབ་པར་ཤུགས་སྣོན་པ་དང་བསམ་འཆར་བསྡུ་ལེན་བྱེད་པའི་གཞི་རྒྱ་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་མང་ཚོགས་ཀྱི་འཕྲིན་ལམ་ནས་བསྐུར་བའི་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྱོད་གཞི་ཐག་གཅོད་ཀྱི་སྤུས་ཚད་མཐོར་འདེགས་སུ་བཏང་།

                                                                                                                                                                                                                                                                                                                                                                                              ཡིག་སྒྱུར་བ།  ཀུན་བཟང་སྒྲོལ་མ།