ལས་གནས་བརྟན་བསྲུང་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ།
2017.09.14 ཁུངས། ཀློག་གྲངས། 5

图片1_看图王_副本.jpg

མངག་གཏོང་ཁང་གི་ལས་བྱེད་མི་སྣ་ཡོངས་ཀྱིས་སེམས་ཞིབ་མོས་བདེ་སྲུང་བྱ་བར་གྲོས་ཁ་བྱེད་བཞིན་པ། 

ཏང་གི་ཚོགས་ཆེན་བཅུ་དགུ་བའི་གོམ་སྟབས་ང་ཚོ་དང་བར་ཐག་ཇེ་ཉེར་སོང་བ་བསྟུན་ནས་ག་ས་གང་དུ་ཚོགས་ཆེན་བཅུ་དགུ་བ་དགའ་བས་བསུ་བའི་ཡོ་ལང་རྣམ་པར་རྒྱས་ཤིང་། ལས་རྐང་སོ་སོས་ལས་སྒྲུབ་མི་སྣ་དག་གིས་རང་རང་གི་འོས་འགན་ཕྲག་ཏུ་བླངས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་བཞིན་འདུག ཉེ་ལམ་ཞིན་ཧེ་རྫོང་ལུང་བཟང་མངག་གཏོང་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། ཁྱད་པར་དུ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དཔའ་བོ་དཔེ་བཟང་ཅན་གྱི་མཛད་རྗེས་ལ་ཐུན་མོང་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་སྟེང་གི་གཏམ་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐིལ་ཕྱིན་བྱ་ཆེད། ཁོངས་གཏོགས་ས་ཁུལ་གྱི་སློབ་གྲྭ་དང་དགོན་སྡེ། གཞིས་ཁུལ་སོགས་སུ་ཕྱིན་ནས་སློབ་མགོ་རྩོམ་སྐབས་ཀྱི་ཁྱིམ་བདག་དང་སློབ་མའི་བདེ་འཇགས་ལ་འགན་སྲུང་དང་། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ལྟ་སྐྱོང་། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་བྱས་ནས་ཏང་ལ་བློ་དཀར་བ་དང་། དམངས་ལ་ཞབས་ཕྱི་བསྒྲུབ་པ། དྲང་བདེན་གྱིས་ཁྲིམས་སྐྱོང་བ། སྒྲིག་ཁྲིམས་དམ་འཛིན་བྱེད་པ་བཅས་ཀྱི་རེ་བ་ནན་གྱིས་ལག་བསྟར་བྱས་ཏེ། མི་དམངས་ཉེན་རྟོག་པའི་རླབས་ཆེན་འོས་འགན་ཕྲག་ཏུ་བླངས་ཤིང་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་བཞིན་མཆིས།