རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་མང་ཚོགས་ཀྱིས་ནན་ནན་ཏན་ཏན་སྒོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དམིགས་འབེན་དུ་བཟུང་སྟེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་ནུས་ཕྲག་ཏུ་འཛིན་པ་དང་གནས་བབས་དང་བསྟུན་དེ་ལག་བསྟར་བྱས་ནས་ཧུར་ཐག་སྒོས་རྨ་ལྷོ་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ཡོངས་བར་བྱས།
རྨ་ལྷོ་ཁུལ་གྱི་ས་གནས་སོ་སོ་ནས་ལག་ལེན་སྲ་བརྟན་དང་འདུ་ཤེས་བཞི། ནན་ནན་ཏན་ཏན་སྒོས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་པ་བརྗོད་གཞིར་བཟུང་སྟེ་ཆེད་དམིགས་དམངས་གཙོའི་འཚོ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱི་སྟེང་དུ་གནད་དོན་འདོན་པ་དང་སྐྱོན་འཛུགས་བྱེད་པ། མི་སྒེར་ལ་སྐྱོན་འཛུགས་བྱེད་པ་སོགས་དག་ཐེར་བྱ་དགོས་བའི་བླང་བྱ་བཏོན་པས།རྒྱ་ཆེ་བའི་ཏང་ཡོན་མང་ཚོགས་ཀྱི་བསམ་བློར་སད་རྟོགས་བྱུང་བ་དང་སེམས་བསམ་པའི་གཏིང་ལ་ངོས་ཟིན་ཐོབ།
རྨ་ལྷོ་ཁུལ་གྱིས་བསྡོམས་པས་ཞིང་ཕྱུགས་ལས་ཀྱི་འཛུགས་སྐྲུན་ལས་གཞིའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་བརྩོན་ལེན་བྱས། གཙང་གསུམ་འབྱུང་ཡུལ་རིམ་གྲས་གཉིས་པ་དང་བྱང་གསུམ་ནགས་སྲུང་བཟོ་གྲྭ་སྒྲིག་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པ་དང་། རྩེ་ཁོག་རྫོང་བྱེ་འགོག་རྩྭ་གསོ་དང་རྩེ་ཁོག་དང་ཧི་ནན་རྫོང་གཉིས་ཀྱི་བརླན་སའི་སྲུང་སྐྱོབ་རྣམ་གྲངས་མིག་སྔར་བདེ་བླག་ངང་ལག་བསྟར་བྱེད་བཞིན་ཡོད། ས་བཀོད་སྤྱོད་བྱེད་པའི་སྤྱིའི་འཆར་འགོད་དག་སྒྲིག་དང་བཟོ་བཅོས་བྱས་ནས་ཡུན་རིང་བའི་ཞིང་ལས་བྱ་བའི་རྨང་གཞི་ལེགས་པོ་འདོན་པ་དང་ལས་སྒོ་ཕྱེས་ནས་ཚད་རིམ་མཐོ་བའི་གཞི་རྩའི་ཞིང་སའི་རྣམ་གྲངས་བརྒྱད་ལ་སྤྱིའི་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གསུམ་ཁྲི་གསུམ་ལྷག་བཏང་།
མཁར་ཞང་གི་ཁོར་ཡུག་གཙང་སྦྲ་ཕྱོགས་བསྡུས་བཅོས་སྐྱོང་ལོའི་བྱ་འགུལ་སྤེལ་བ་བརྒྱུད། དཔྱད་ཞིབ་ཚད་གཞི་དང་ལས་འགན་གཏན་ཁེལ་བྱས་པ་དང་། ཆུ་ལམ་དང་བཟོ་སྐྲུན་ལས་ཡུལ་སོགས་ཁོར་ཡུག་བཙོག་བཟོ་ཚབས་ཆེ་བའི་ཁུལ་ཁོངས་ཀྱི་དོ་དམ་ཤུགས་ཚད་ཆེ་རུ་བཏང་སྟེ་མཁར་ཞང་གཞི་གཅིག་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱས། དེ་དང་མཉམ་དུ། ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འབུར་ཐོན་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་བཏང་བ་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་པའི་ཇུས་གཞི་དཔར་ནས་བཀྲམས་མ་ཟད། དག་ཐེར་བཅོས་སྐྱོང་བྱེད་པའི་དུས་བཀག་གཏན་ཁེལ་བྱས་ཏེ་རིགས་བྱ་བ་སྣ་ཚོགས་དམ་འཛིན་བྱས།
རྒྱ་ཆེའི་ན་གཞོན་ལོ་ཆུང་དང་བུད་མེད་རྩ་འཛུགས་བྱས་ཏེ་སྡོང་འཛུགས་བྱ་འགུལ་དང་བུད་མེད་ཀྱི་སྐྱེ་ཁམས་དཔལ་ཡོན་འགུལ་སྤྱོད་སོགས་ལག་བསྟར་བྱས་ཏེ་ན་གཞོན་ལོ་ཆུང་དང་བུད་མེད་ལ་སྣེ་ཁྲིད་དེ་ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ནུས་པ་མཐོར་འདེགས་བཏང་།
ཡིག་སྒྱུར་བ། ཀུན་བཟང་སྒྲོལ་མ།