ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཡོངས་ཀྱི་བུད་མེད་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་མི་སྒེར། ཆེས་བཟང་བའི་ཁྱིམ་ཚང་ཞེས་པའི་དཔེ་སྟོན་ཁྱིམ་ཚང་བཅས་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས་ཏེ། མཚོ་ལྷོ་ཁུལ་ཏང་ཨུ་གཞུང་སྒྲུབ་ཁང་བུད་མེད་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཉེར་དགུའི་སྔོན་ཐོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ལ་གཟི་བརྗིད་མཚན་སྙན་གནང་བ་དང་། ཧི་ཞིག་ཧུང་སོགས་བློ་མཐུན་ཉེར་དགུ་ལ་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་གཟི་བརྗིད་མཚན་སྙན་གནང་བ། ལིས་ལིན་སོགས་ཁྱིམ་ཚང་བཅུ་གཉིས་ལ་ཆེས་བཟང་བའི་ཁྱིམ་ཚང་ཞེས་པའི་དཔེ་སྟོན་ཁྱིམ་ཚང་གི་གཟི་བརྗིད་མཚན་སྙན་གནང་།
གཟེངས་བསྟོད་ཚོགས་ཆེན་བརྒྱུད་དེ། མཚོ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་ལ་གཙིགས་འཛིན་དང་ཁྱིམ་ཚང་གི་སློབ་གསོར་གཙིགས་འཛིན། ཁྱིམ་ཚང་གི་ཀུན་སྤྱོད་ལ་གཙིགས་འཛིན་བཅས་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྔར་ལས་ལག་ལེན་མཐར་ཕྱིན་བྱས་ནས། ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པ་དང་། སྤྱི་ཚོགས་དར་སྲོལ་བཟང་བོ་རྒྱུན་འཛིན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་བྱས་ཏེ། འཆམ་མཐུན་དང་མཛེས་སྡུག་གི་མཚོ་ལྷོ་གསར་བ་མཉམ་དུ་འཛུགས་སྐྲུན་བྱེད་རྒྱུ་རེད།