ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་མགྱོགས་མྱུར་གྱིས་སྤྱི་ཚོགས་འགན་སྲུང་བྱང་བུ་སྟེར་བ་དང་ཕྱོགས་བསྡུས་བཀོལ་སྤྱོད་བྱ་བར་སྐུལ་འདེད་བཏང་།
སྤྱི་ཚོགས་འགན་སྲུང་བྱང་བུ་སྟེར་བའི་བྱ་བ་ནུས་ཡོད་སྒོས་ཡོངས་འགྲུབ་བྱེད་ཆེད། ཀོས་ནན་རྫོང་གིས་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་སྤྱི་ཚོགས་འགན་སྲུང་བྱང་བུ་སྟེར་བའི་བྱ་བའི་རིགས་སོ་སོའི་ལས་སྒོའི་ཤེས་བྱའི་གསོ་སྦྱོང་སྤེལ་ཏེ་ལས་བྱེད་མི་སྣ་རེ་རེར་འབྲེལ་ཡོད་ལས་སྒོའི་བཀོལ་སྤྱོད་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་། ཆ་འཕྲིན་འཚོལ་བསྡུ་བྱེད་པའི་གོ་རིམ་ཁྲོད་རིགས་སོ་སོའི་བྱ་བའི་ལས་རིམ་གཟབ་ནན་གྱིས་བསྒྲུབས་པར་མ་ཟད། རེ་ཞུ་བྱས་ཏེ་བྱང་བུ་ལེན་པའི་མིའི་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། འདྲ་པར་སོགས་བརྡ་འཕྲིན་གཙོ་བོར་གཟབ་ནན་གྱིས་དཔྱད་བསྡུར་བྱས་ཏེ་ནོར་འཁྱུག་མི་འབྱུང་བར་ཁག་ཐེག་བྱས། དེ་དང་མཉམ་དུ། བརྙན་འཕྲིན་དང་དྲིལ་སྒྲོག་ལག་དེབ་སོགས་རྣམ་པ་མང་པོ་སྤྱད་དེ་དྲིལ་སྒྲོག་གི་རྒྱ་ཇེ་ཆེར་བཏང་བ་དང་རྒྱ་ཆེའི་མཁར་གྲོང་སྡོད་དམངས་དག་གི་སྤྱི་ཚོགས་འགན་སྲུང་བྱང་བུའི་བཀོལ་སྤྱོད་བྱེད་ཐབས་དང་དེའི་དགེ་མཚན་སོགས་ཀྱི་ངོས་ཟིན་མཐོར་འདེགས་བཏང་།
མིག་སྔའི་བར། ཀོན་ནན་རྫོང་གིས་རྫོང་ཡོངས་སུ་སྤྱི་ཚོགས་འགན་སྲུང་བྱང་བུ་ཁྲི་ལྔ་དང་སྟོང་ལྔ་བཞི་བརྒྱ་ཉེར་གཅིག་བྱིན་པ་དང་འགྲེམ་གཏོང་བྱས་ཚད་བརྒྱ་ཆའི་གོ་དགུ་ཚེག་དགུ་ལ་སླེབས་ཡོད།