ཐོག་འགོག་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་ཁྲིམས་ལྟར་ཐོག་འགོག་བདེ་འཇགས་ལྟ་སྐུལ་འགན་ཁུར་ལག་བསྟར་བྱེད་ཆེད། ཁྲིམས་ལུགས་ཁྲིམས་སྲོལ་གྱི་འབྲེལ་ཡོད་རེ་བ་ལ་གཞིགས་ནས། ཉེ་ཆར་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་འབར་སླ་བ་དང་འགད་སླ་བ་སོགས་ཀྱི་གནས་གཙོ་བོར་ཐོག་འགོག་བདེ་འཇགས་ཀྱི་ལྟ་སྐུལ་དང་ཞིབ་བཤེར་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་མཚོ་སྔོན་ཞིང་ཆེན་བདེ་འཇགས་ལྟ་སྐུལ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ལྟ་སྐུལ་ཞིབ་བཤེར་ཚོགས་པ་དེ་ཚན་ཆུང་གཉིས་སུ་བགར་ནས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་གནམ་གཤིས་དང་འབྲེལ་བའི་བདེ་འཇགས་ཐོན་སྐྱེད་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་སྐྲུན་གནས་ཚུལ་དང་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་གནས་ཚུལ། དབུགས་ལྒང་རྒྱག་པའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་གནས་ཚུལ། འབར་སླ་བ་དང་འགད་སླ་བའི་གནས་གཙོ་བོའི་ཐོག་འགོག་བདེ་འཇགས་གནས་ཚུལ་སོགས་གནམ་གཤིས་དང་འབྲེལ་བའི་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་བྱ་བ་སྤེལ་རྒྱུ་རེད།