ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འཆད་ཁྲིད་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྐོར་སྐྱོད་སློབ་ཁྲིད་བྱས།
2017.09.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འཆད་ཁྲིད་ཚོགས་པ་མཚོ་སྔོན་དུ་ཡོང་ནས་སྐོར་བསྐྱོད་སློབ་ཁྲིད་བྱེད་པའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོ་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་བསྡུས།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འཆད་ཁྲིད་ཚོགས་པ་ནུབ་རྒྱུད་དུ་བསྐྱོད་དེ་སྐོར་བསྐྱོད་སློབ་ཁྲིད་བྱེད་པ་དེ། རྒྱལ་ཡོངས་ཁྲིམས་ཁང་ལས་ཁུངས་ཀྱི་སློབ་གསོ་གསོ་སྦྱོང་བྱ་བའི་ཐད་ཀྱི་ཁྱད་ཆོས་ལས་གཞི་མིང་གྲགས་ཅན་དུ་གྱུར་ཡོད། ཐེངས་འདིའི་སྐོར་བསྐྱོད་སློབ་ཁྲིད་བྱ་འགུལ་གྱི་དུས་ཡུན་ཉིན་ལྔ་རིང་ཡིན་པ་དང་། སློབ་ཁྲིད་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རྣམ་བཤད་གལ་ཆེན་དང་ཉེས་དོན་འདྲི་གཅོད། དམངས་དོན་འདྲི་གཅོད། ཚོང་དོན་འདྲི་གཅོད། སྲིད་འཛིན་འདྲི་གཅོད་བཅས་ཐད་ཀྱི་གནད་དོན་གཙོ་བོ་དང་དཀའ་གནད་ལ་དམིགས་ནས་འགྲེལ་བཤད་བྱེད་རྒྱུ་རེད། སློབ་ཁྲིད་བྱེད་སྟངས་ཐད་ནས་དྲ་རྒྱའི་བརྙན་རིས་ལམ་ནས་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་རྟོག་ཞིབ་བྱེད་པ། བཞུགས་མོལ་བྱེད་པ་དང་དོགས་གནད་སེལ་བ་བཅས་ཕན་ཚུན་ཟུང་འབྲེལ་བྱས་ནས་སློབ་ཁྲིད་བྱེད་རྒྱུ་རེད།

འཆད་ཁྲིད་ཚོགས་པའི་ཁོངས་མི་ལྔ་བོ་ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཧྲང་ཧེ་ཁྲིམས་ཁང་གི་རྐང་འཛིན་ཁྲིམས་དཔོན་དང་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་གི་ཆེད་མཁས་པ་ཡིན་པ་དང་། སློབ་ཁྲིད་ཀྱི་ནང་དོན་ཐད་ནས་མིག་སྔའི་ཁྲིམས་ཁང་གི་གནས་བབ་ལས་འགན་ལ་ཟུང་འབྲེལ་བྱེད་པ་དང་། འདྲི་གཅོད་ཀྱི་དགོས་མཁོ་ལ་ཁ་གཏད་དེ། དོགས་གནད་སེལ་རྒྱུ་རེད།