མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཞ་མིན་སློབ་ཆེན་ནས་བསྒྲུབས།
2017.09.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བའི་ཚེས་བཅུ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་གཞུང་སྒྲུབ་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གཉིས་ཀྱིས་ཞ་མིན་སློབ་ཆེན་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ། མཐོ་རིམ་སློབ་གྲྭ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་གཞུང་སྒྲུབ་ཁང་གི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་སྒྲོག་སློབ་གསོའི་འགན་ཁུར་བའི་མགོ་ཁྲིད་ལས་བྱེད་པ་དང་ལས་སྒོའི་རྐང་འཛིན་པ་སོགས་བསྡོམས་པས་མི་གོ་དྲུག་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འགན་ཁུར་མི་སྣས་བསྟན་དོན། ད་ལོ་ནི་བདུན་ལྔ་ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བའི་ལོ་ཡིན་པ་དང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་པའི་དམིགས་ཡུལ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་བསམ་བློ་གལ་ཆེན་སྐོར་གྱི་རྒྱས་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སུས་ཁྲིམས་འཛིན་པ་དང་སུས་ཁྲིམས་ཁྱབ་གདལ་དུ་གཏོང་བའི་འདུ་ཤེས་བརྟན་པོར་བཙུགས་ཏེ་བདུན་ལྔ་ཁྲིམས་ལུགས་ཁྱབ་གདལ་གྱི་རིགས་སོ་སོའི་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་ཡིན་ཟེར།

ཐེངའ་འདིའི་གསོ་སྦྱོང་གི་བཀོད་སྒྲིག་དམ་པ་དང་སློབ་ཁྲིད་ཀྱི་ནང་དོན་དངོས་ཡོད་གནས་ཚུལ་དང་མཐུན་པས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་དྲག་པོ་ལྡན། གསོ་སྦྱོང་ལ་ཞུགས་པའི་མི་སྣས་ལང་ལོང་སྒོས་བསྟན་དོན། ཆེད་ལས་དགེ་རྒན་ཆེན་མོའི་འགྲེལ་བཤད་ལ་གཟབ་ནན་གྱིས་ཉན་པ་བརྒྱུད་ནས། སུས་ཁྲིམས་འཛིན་པ་དང་སུས་ཁྲིམས་ཁྱབ་གདལ་དུ་གཏོང་བའི་འགན་འཁྲི་ལམ་ལུགས་ཀྱི་ངོས་ཟིན་སྔར་ལས་མཐོ་རུ་བཏང་བ་དང་མཐོང་རྒྱ་བསྐྱེད་པས། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཁྲིམས་སྐྱོང་འགན་འཁྲིའི་ལམ་ལུགས་ཀྱི་སྐུལ་འདེད་མཁན་དང་ལག་བསྟར་མཁན་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་བར་བྱས་རྗེས་མི་དམན་པ་འཇོག་ངེས་ཡིན་ཟེར།