མཚོ་ནུབ་ཁུལ་གྱིས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཅིག་ལྷག་འཛུགས་སྐྲུན་བྱས།
2017.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་བྱ་བ་སྤེལ་བའི་ཚུན་ནས། མཚོ་ནུབ་ཁུལ་གྱིས་མཐོང་ཆེན་གསུམ་ལ་རྐང་བཙུགས་པ་དང་། འཛུགས་སྐྲུན་ཚད་གཞི་མཐོར་འདེགས་གཏོང་བ། དུས་བཀག་ལྟར་སྐུལ་སྤེལ་གྲོས་ཚོགས་བསྡུས་པ། གཅིག་གྱུར་ཟུང་འབྲེལ་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྐུལ་སློང་བྱ་དགའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐར་ལྔའི་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་ལ་གཟེངས་བསྟོད་བྱས་ཏེ། ཁྱིམ་ཚང་ཡོངས་རྫོགས་འཛུགས་སྐྲུན་ཁྲོད་ཞུགས་པའི་རྣམ་པ་གྲུབ་པར་བྱས། མིག་སྔར། བསྡོམས་པས་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཅིག་དགུ་བརྒྱ་ང་གསུམ་འཛུགས་སྐྲུན་བྱས་པ་དང་། སྐར་ལྔའི་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་སྟོང་ལྔ་དང་བརྒྱ་དང་སོ་བདུན་བཙུགས་ལ། དེའི་ཁྲོད་གྲོང་གསེབ་ཀྱི་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་སྟོང་བཞི་དང་བདུན་བརྒྱ་གྱ་བརྒྱད་ཡོད་པ་དང་། གྲོང་གསེབ་ཀྱི་སྐར་ལྔའི་རིམ་པའི་དཔལ་ཡོན་དཔེ་སྟོན་ཁྱིམ་ཚང་སྟོང་གཉིས་དང་དྲུག་བརྒྱ་ཞེ་ལྔ་ཡོད།

འཛུགས་སྐྲུན་བྱེད་སྐབས། མཚོ་ནུབ་ཁུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱེད་རྒྱུ་དེ་གཙོ་ཐིག་ཏུ་བྱེད་པ་དང་། འཛུགས་སྐྲུན་བྱ་བ་དེ་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁྱིམ་ཚང་དང་། ཀུན་སྤྱོད་དཔེ་སྟོན་བྱ་འགུལ་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་དམངས་ཀྱི་བསམ་བློའི་ཀུན་སྤྱོད་བྱང་ཚད་མཐོར་འདེགས་བྱེད་པ། སྤྱི་ཚོགས་དར་སྲོལ་བཟང་བོ་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་དཔལ་ཡོན་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྟེང་ཤུགས་ཆེན་པོ་བཏོན།